ཝང་གོ་ཧྲིན་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་སུ་སོང་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ནས་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་སུ་སོང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། གནད་དོན་ཁྱེར་ནས་ཞིབ་འཇུག་བྱེད་པ། བསམ་གཞིགས་ཞིབ་མོ་གཏོང་བ་དང་གོ་བ་ཟབ་མོ་ལེན་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་ནས་འགན་འཁྲི་གནས་ཐིག་དང་དམིགས་འབེན་ལས་འགན་དམ་འཛིན་བྱས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་དང་སྐོར་ཞིབ་བྱ་བའི་གནས་ཚུལ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པའི་སྐོར་གྱི་སྙན་ཞུ་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་ཁ་ཡིག་བཏོན་པ་མ་ཟད། བཞུགས་མོལ་ཚོགས་འདུར་ཞུགས་པའི་བློ་མཐུན་གྱི་མིང་བོས་ནས་གཏམ་བཤད་སྤེལ་དུ་བཅུག ཐེན་ཁོས་དང་ལིས་ཝུན་ཉིན། ཆའོ་ཡཱ་ཆོན། ཀྲའོ་ཞིག་ཡན། ཝང་ཅི་ཆིན། པའོ་ཀྲུང་ཕེན། ཅཱ་ཡིག་ཀྲིན་སོགས་བློ་མཐུན་གྱིས་སློབ་སྦྱོང་དང་བྱ་བའི་མྱོང་ཚོར་ལ་ཟུང་འབྲེལ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕེན་གྱི་ཏང་ཡོངས་ཁྲོད་ཀྱི་སྲོག་ཤིང་གོ་གནས་གཏན་ཁེལ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ། དཔོན་པོས་འགན་འཁྲི་ལག་བསྟར་བྱེད་པར་བཀག་འགོག་བྱེད་པ། ཉེན་བརྡ་སློབ་གསོར་ཤུགས་སྣོན་པ། ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་སྤེལ། ཝང་གོ་ཧྲིན་གྱིས་ཁོ་ཚོའི་གཏམ་བཤད་ལ་ཉན་ཞོར་དུ་ཟིན་བྲིས་འགོད་པ་དང་། མཚམས་རེར་ཚང་མ་དང་བརྗེ་རེས་བྱས།

ཝང་གོ་ཧྲིན་གྱིས་ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ། ཏང་གི་སྒྲིག་སྲོལ་གཏན་ཁེལ་གཞིར་འཛིན་པ། ལས་འགན་གཙོ་བོར་དོ་སྣང་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་ལག་ལེན་གསར་བ་སྤེལ་མགོ་བརྩམས་པ་དང་། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རྩ་ལག་མཉམ་བཅོས་བྱེད་པའི་ལམ་ལུགས་ཀྱི་གྲུབ་འབྲས་ཆེན་པོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་ནས་འགན་འཁྲི་གནས་ཐིག་དང་ལས་འགན་དམིགས་འབེན་ཡང་དག་འཚོལ་བ། ཏང་གི་མགོ་ཁྲིད་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་སྒྲིག་ཁྲིམས་ཞིབ་བཤེར་དང་སྐོར་ཞིབ་བྱ་བའི་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིག་སྒྲིག་སྲོལ་ནན་མོ་བྱེད་པ་དེ་སྒྲིག་ཁྲིམས་ཞིབ་བཤེར་དང་སྐོར་ཞིབ་བྱ་བའི་ལས་འགན་དང་པོར་བརྩི་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱུ་དེ་སྒྲིག་ཁྲིམས་ཞིབ་བཤེར་དང་སྐོར་ཞིབ་བྱ་བའི་འགན་འཁྲི་གཙོ་བོར་བརྩིས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། འགན་འཁྲི་སེམས་སུ་དམ་པོ་འཛིན་པ་དང་བྱ་བ་གཟབ་ནན་སྒོས་བསྒྲུབ་པ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་དང་སྒྲིག་ལམ་ལག་བསྟར་བྱེད་པ། འགན་འཁྲི་རྩད་གཅོད་པར་ཤུགས་སྣོན་པ། བྱ་བའི་བྱེད་ཐབས་ལ་གསར་གཏོད་བྱེད་པ་བཅས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རྡོ་རྗེ་རབ་བརྟན་དང་ཝང་ཡུས་པོ། ཧུའུ་ཁྲང་ཧྲིན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།