མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་གྱི་ཁང་རྙིང་ཁུལ་འཛུགས་སྐྲུན་ལས་གཞིའི་ཐད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་ལྔ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁང་རྙིང་ཁུལ་བསྒྱུར་བཀོད་ནི་དམངས་ཚིས་ལེགས་བསྒྱུར་དང་དམངས་ཚིས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གལ་ཆེན་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བ་དེ་ནམ་ཡང་གོ་གནས་གཙོ་བར་བཞག་ཡོད་པ་དང་། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་གྱི་ཁང་རྙིང་ཁྲི་བརྒྱད་དང་ཉིས་བརྒྱ་གྱ་གཅིག་ལ་བསྒྱུར་བཀོད་བྱས་པ་དང་། མིག་སྔའི་བར་དུ། ཁང་གསར་ཁྲི་བརྒྱད་དང་དྲུག་བརྒྱ་ལས་མགོ་བརྩམས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཚད་ལས་བརྒལ་ནས་ཡོངས་འགྲུབ་བྱས་པ་དང་། མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་ལྔ་བཏང་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར་གསུམ་མང་དུ་བཏང་སྟེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

 མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་ལྔའི་རིང་རང་ལ་གནོན་ཤུགས་སྟེར་བ་དང་། ཁང་བ་ནང་སྡོད་པའི་དམིགས་ཚད་དེ་ས་གནས་སྲིད་གཞུང་གི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ཀྱི་ནང་དོན་དུ་བརྩིས་ནས། བསྟུད་མར་ལོ་གསུམ་ནང་སྔོན་དུ་ལོ་རྗེས་མར་ལག་བསྟར་བྱེད་པའི་ལས་གཞི་བཀོད་སྒྲིག་བྱས་ཏེ། ལས་གཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སྲིད་གཞུང་གིས་ཁང་རྙིང་ཁུལ་བསྒྱུར་བཀོད་ཐད་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱ་བ་ལག་བསྟར་ནན་མོ་བྱེད་པའི་སྐོར་གྱི་གྲོས་གཞི་གཏན་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཁང་རྙིང་ཁུལ་བསྒྱུར་བཀོད་ཐད་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱ་བ་སྤེལ་བར་སྲིད་ཇུས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་གྱིས་རྒྱུ་སྤུས་བདེ་འཇགས་གནད་དོན་དེ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་གྱི་གོ་གནས་དང་པོར་བཞག་སྟེ། བཟོ་སྐྲུན་རྒྱུ་སྤུས་འགན་འཁྲི་ལམ་ལུགས་དང་འགན་འཁྲི་ཚེ་གང་བོར་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། བཟོ་སྐྲུན་གནས་ཚུལ་ཕྱིར་སྒྲོག་བྱེད་པའི་པང་ལེབ་འགེལ་བའི་ལམ་ལུགས་དང་ཡུན་རིང་རང་བཞིན་གྱི་སྒོ་བྱང་ལམ་ལུགས། ཁྱིམ་ཚང་བགོས་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་སོགས་ལག་བསྟར་བྱས་ཏེ། རྒྱུ་སྤུས་ཐད་ཀྱི་འགག་སྒོ་དམ་སྲུང་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།