མཚོ་སྔོན་ཞིང་ཆེན་དུ་ཀྲུང་ལུགས་སྨན་པ་དང་བོད་ལུགས་སྨན་པ། སོག་ལུགས་སྨན་པ་གྲགས་ཅན་ཉི་ཤུ་བདམས་ཐོན་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། མཚོ་སྔོན་ཞིང་ཆེན་དུ་མཚོ་སྔོན་དུ་ཡོད་པའི་ཀྲུང་ལུགས་སྨན་པ་དང་བོད་ལུགས་སྨན་པ། སོག་ལུགས་སྨན་པ་གྲགས་ཅན་ཉི་ཤུ་བདམས་ཐོན་བྱུང་།

འདེམས་བསྐོ་བྱེད་པའི་བྱ་འགུལ་དེ2016ལོའི་ཟླ་བདུན་པར་མགོ་བརྩམས་ཏེ། གཞི་རིམ་ནས་གོང་རིམ་བར་རིམ་པ་བཞིན་དུ་མཚམས་སྦྱོར་བྱས་པ་དང་། ཆེད་མཁས་པས་དཔྱད་བསྡུར་དང་ཞིབ་བཤེར་བྱས་པ། སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱས་པ་བཅས་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་ཀྲུང་ལུགས་སྨན་པ་དང་བོད་ལུགས་སྨན་པ། སོག་ལུགས་སྨན་པ་གྲགས་ཅན་ཉི་ཤུ་བདམས་ཐོན་བྱུང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལུའུ་ཧྭ་སོགས་མི་བཅུ་གཅིག་ལ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་པ་གྲགས་ཅན་གྱི་མཚན་སྙན་གནང་བ་དང་། དབང་ཆེན་ཚེ་བརྟན་སོགས་མི་བརྒྱད་ལ་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་སྨན་པ་གྲགས་ཅན་གྱི་མཚན་སྙན་གནང་ལ། ཧུང་པེན་ལ་མཚོ་སྔོན་ཞིང་ཆེན་གྱི་སོག་ལུགས་སྨན་པ་གྲགས་ཅན་གྱི་མཚན་སྙན་གནང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱིས་སྨན་པ་གྲགས་ཅན་དཔེ་སྟོན་དུ་བཟུང་སྟེ། ཁོ་ཚོའི་སྨན་བཅོས་ཐད་འབད་པ་དང་ཁེ་ཕན་ལ་མི་བལྟ་བའི་སྤྱོད་ཚུལ་བཟང་བོ་དང་ལག་རྩལ་བཟང་པོར་སློབ་སྦྱོང་བྱས་ནས། ཀྲུང་ལུགས་དང་བོད་ལུགས། སོག་ལུགས་བཅས་ཀྱི་སྨན་བཅོས་ལག་རྩལ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་བསྐོང་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།