ཐུན་རིན་རྫོང་གིས་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས70བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་བསྡོམས་པས་རིགས་སོ་སོའི་མ་དངུལ་སྒོར་ཁྲི5887བསྡུ་སྒྲིག་བྱས་ཏེ། “གུར་ཁང་ཅན”འདུས་པའི་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་རྣམ་གྲངས 70 གསར་འཛུགས་བྱས་པ་དེས། ཏང་ཡོན་དང་མང་ཚོགས་ལ་བྱ་འགུལ་སྤེལ་ཡུལ་ངེས་གཏན་བྱས་པ་དང་། ཚན་རྩལ་དང་ཁྲིམས་སྐྱོང་སློབ་པར་ཆ་རྐྱེན་བསྐྲུན་པ། ལུས་སྦྱོང་དང་རོལ་རྩེད། བྱ་འགུལ་སོགས་སྤེལ་སའི་ཡུལ་ཡོད་པར་བྱས་ཡོད།

ཞང་དང་གྲོང་རྡལ་སོ་སོ་ཆགས་སའི་ས་གཤིས་ཀྱི་ཆ་རྐྱེན་མི་འདྲ་བར་དམིགས་ཏེ། ཐུན་རིན་རྫོང་གིས་ས་བབ་དང་བསྟུན་ནས་ས་བབ་མཐོ་ཚད་ལྟོས་བཅས་ཀྱིས་དམའ་བ་དང་། ས་གཤིས་ཀྱི་ཆ་རྐྱེན་ལྟོས་བཅས་ཀྱིས་བཟང་བའི་སྡེ་བ་རུ་ཐོག་ཁང་སུམ་བརྩེགས་ཅན་གྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས་པར་མ་ཟད། རིག་གནས་ཐང་ཆེན་དང་ར་སྐོར། སྒོ་ཆེན་བཅས་ཀྱི་ཁོངས་གཏོགས་སྒྲིག་བཀོད་ཀྱི་མ་ལག་ཆ་ཚང་ཡང་འཛུགས་སྐྲུན་བྱས། ས་བབ་མཐོ་ཚད་ཅུང་མཐོ་བ་དང་ལྟོས་བཅས་ཀྱིས་རྒྱང་རིང་ལུང་ཁུག་ཡིན་པ། མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་ཡིན་པའི་བློན་ཆེ་ཞང་རོང་བོ་ཉིན་སྲིབ། དཔལ་མཆོག བློན་ཆེ། མདོ་བ་གྲོང་རྡལ་རྡོ་སྔས། སྒྲོ་རོང་བོ་བཅས་སུ་དཔལ་འབྱོར་གྱི་འགྲོ་གྲོན་ཅུང་དམའ་ལ་བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཏེ“གུར་ཁང་ཅན”ཕུབ་པ་རེད།

སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི“གུར་ཁང་ཅན”དེ་ནི་མདུན་རྒྱབ་ཏུ་རྩིག་གྱང་བསྟར་ཕྲེང་གཉིས་ཡོད་པའི་སྟེང་ལ་ཕྱི་གསལ་ནང་གསལ་གྱི་འགྱིག་ཤོག་སྲ་མོས་བཀབ་སྟེ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ300ལྷག་ཡོད་པའི་བྱ་འགུལ་ཚོམས་ཆེན་ཞིག་རེད། བྱེད་ཐབས་དེ་ནི་འགྲོ་གྲོན་ཉུང་ལ་སྤྱོད་གོ་ཆོད་པར་མ་ཟད་མཐོངས་ཡངས་པས། ས་གནས་དེའི་ཏང་ཡོན་དང་མང་ཚོགས་ལ་སྟབས་བདེ་མང་པོ་ཞིག་བསྐྲུན་ཡོད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།