2016ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་དབུལ་ཕོངས་མི་འབོར་ཁྲི31ཏུ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། མཛེས་པའི་ཡུལ་གྲོང་གི་ལས་གཞི་འཛུགས་སྐྲུན་བྱས་པར་བསྟུན་ཚ་རྔ་འགག་ཆུ་མཛོད་ཁུལ་ནས་གནས་སྤར་ཡོང་བའི་ཧྲ་ལིའུ་སྡེ་བར་འགྱུར་ལྡོག་གསར་པ་བྱུང་འདུག    

2016ལོར། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《དབུལ་ཐར་འགག་སྒྲོལ་གྱི་འཐབ་འཁྲུག་ལས་ངེས་པར་རྒྱལ་ཁ་བླངས་ཏེ་སྔ་མོ་ནས་ཕྱོགས་ཡོངས་སུ་དབུལ་ཐར་མངོན་འགྱུར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང་དམ་པོར་སྦྲེལ་ནས། དབུལ་སྐྱོར་འཆར་འགོད་བརྒྱད་དང་ལས་རིགས་སུ་དབུལ་སྐྱོར་ཆེད་དམིགས་འགུལ་སྐྱོད་བྱེད་ཐབས་བཅུ་ཧུར་བརྩོན་གྱིས་ལག་བསྟར་བྱས་པ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ཐད་གྲུབ་འབྲས་གསར་པ་བླངས་ཤིང་། ཞིང་སྡེའི་དབུལ་སྐྱོར་མི་འབོར་ཇེ་ཉུང་དང་། དབུལ་པོར་གྱུར་ཚད་ཇེ་དམའ་རུ་གཏོང་བ། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་བཏང་།

རྒྱལ་ཁབ་སྡོམ་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཉེ་ལམ་བསྒྲགས་པའི་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་གི་འགྲོ་སྒོ་དང་ཡོང་སྒོ།འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་ལས་ཤེས་པ་ལྟར་ན། ད་སྐབས་ཀྱི་ཞིང་སྡེའི་དབུལ་ཕོངས་ཀྱི་ཚད་གཞི་ལྟར། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ཚད་ལེན་ཞིབ་རྩིས་དང་ཞིབ་བཤེར་གཏན་འབེབས་བྱས་པ་སྟེ། 2016ལོའི་ལོ་མཇུག་བར་རང་ཞིང་གི་ཞིང་སྡེ་རུ་དབུལ་ཕོངས་མི་འབོར་ཁྲི31ཡོད་པ་དང་། དབུལ་པོར་གྱུར་པའི་ཚད8.1%རེད། ཞིང་སྡེའི་དབུལ་ཕོངས་མི་འབོར2015ལོའི་ལོ་མཇུག་དང་བསྡུར་ན་ཁྲི10ཇེ་ཉུང་དུ་སོང་བ་དང་། དབུལ་པོར་གྱུར་ཚད་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཆ2.8%ཇེ་ཉུང་དུ་སོང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།