ཟླ5བའི་ཚེས19ཉིན་རང་ཞིང་གི་ལྗོངས་རྒྱུ་ཁུལ་སྐོར་ཞིག་གི་པ་སེ་རིན་གོང་ཚད་མི་འདྲ་བའི་སྒོ་ནས་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ནི་ཡང་བསྐྱར་ཆེས་མཛེས་པའི་དུས་ཚུགས་སུ་སླེབས་ཕྱིན། ཕྱོགས་བཞི་མཚམས་བརྒྱད་ནས་མཚོ་སྔོན་ལ་ཡུལ་སྐོར་ཏུ་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད། གསར་འགོད་པས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2017ལོའི་ཡུལ་སྐོར་ཉིན་མོའི་བརྗོད་དོན་བྱེད་སྒོའི་ཉིན་དེ་ཟླ5བའི་ཚེས19ཉིན་རང་ཞིང་ནས་སྤེལ་རྒྱུ་རེད། ཟླ5བའི་ཚེས19ཉིན་གྱི་ཀྲུང་གོའི་ཡུལ་སྐོར་ཉིན་མོ་དེར། མཚོ་སྔོན་ཞིང་ཆེན་གྱི་ལྗོངས་རྒྱུ་ཁུལ་དང་མཛེས་ལྗོངས་ས་ཚིགས། གནས་སྐོར་ཁེ་ལས་བཅས་ཀྱིས་དམངས་ཕན་བྱེད་ཐབས་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལྗོངས་རྒྱུ་ཁུལ་སྐོར་ཞིག་གི་པ་སེ་རིན་གོང་ལ་ཚད་མི་འདྲ་བའི་སྒོ་ནས་ཇེ་དམའ་རུ་གཏོང་རྒྱུ་ཡིན་པ་རེད།

ཞིང་ཆེན་ནང་ཁུལ་གྱི་ལྗོངས་ཁུལ་དག་གི་པ་སེ་རིན་གོང་ཕྱེད་ཀ་མར་གཅོག་རྒྱུ།

ཤེས་གསལ་ལྟར་ན། ཟླ5བའི་ཚེས19ཉིན་གྱི་ཀྲུང་གོའི་ཡུལ་སྐོར་ཉིན་མོར། རང་ཞིང་གི་ལྗོངས་ཁུལ་ས་ཚུགས་ཁག་དང་། ཡུལ་སྐོར་ཁེ་ལས་ཀྱིས་སྤྱི་ཕན་གཟིགས་སྐྱོང་སྲིད་ཇུས་བཏོན་ཏེ།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ཁ་ཤས་ཀྱིས་ཡུལ་སྐོར་པ་སེ་རིན་གོང་མར་གཅོག་རྒྱུ་རེད། ཡུལ་སྐོར་ལྗོངས་ཁུལ་ཡོད་ཚད་ཀྱི་ཁྲོད། མཚོ་སྔོན་པོར་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་།གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས19ཉིན་གྱི་ཡུལ་སྐོར་ཉིན་མོར། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དག་གིས་མཚོ་སྔོན་པོའི་གླེང་ཆེན་མཆེ་བ་དགོན་དང་བྱེ་གླིང་།ལྷ་མོ་གཞོངས་ལྗོངས་ཁུལ་གསུམ་གྱིས་པ་སེ་རིན་གོང་ཕྱེད་ཀ་མར་གཅོག་རྒྱུ་ཡིན་ལ།བྱ་གླིང་ལྗོངས་ཁུལ་གྱིས་པ་སེ་རིན་གོང་མར་གཅོག་རྒྱུ།ཟླ5བའི་ཚེས19ཉིན་ནས་ཟླ6པའི་ཚེས19ཉིན་བར་གྱི་སྐབས་སུ།མཚོ་སྔོན་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་ཅན་དང་གསུམ་བརྒྱད་དར་དམར་བའི་མཚན་སྙན་ཐོབ་མཁན་གྱིས་མཚོ་སྔོན་པོའི་གླིང་ཆེན་མཆེ་བ་དགོན་དང་བྱ་གླིང་། བྱེ་གླིང་།ལྷ་མོ་གཞོབས་ལྗོངས་ཁུལ་བཞི་ནས་རིན་མེད་ཀྱིས་ཡུལ་སྐོར་བྱ་ཆོག ཡུལ་སྐོར་ཉིན་མོར།དམག་མིའི་དཔང་ཡིག་དང་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་པ།རྨི1.2མན་གྱི་བྱིས་པ་དང་ལོ70ཡན་གྱི་རྒན་རྒོན་གྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་བཟུང་སྟེ།མཚོ་སྔོན་པོའི་གླིང་ཆེན་མཆེ་བ་དགོན་དང་བྱ་གླིང་།བྱེ་གླིང་།ལྷ་མོ་གཞོངས་ལྗོངས་ཁུལ་བཞི་ནས་རིན་མེད་ཀྱིས་ལྗོངས་རྒྱུ་བྱ་ཆོག དུས་མཚུངས་སུ། ཡུལ་སྐོར་ཉིན་མོའི་རིང་ལ། གླིང་ཆེན་མཆེ་བ་དགོན་དང་བྱ་གླིང་ལྗོངས་ཁུལ་ནས་མི་རིགས་གླུ་གར་འཁྲབ་སྟོན་དང་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་ཅེས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། ཐུན་མོང་ཐོག་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་རེད།

དེ་ལས་གཞན། ཡུལ་སྐོར་ཉིན་དེར་ཞིང་ཆེན་ནང་ཁུལ་གྱི་ལྗོངས་ཁུལ་གཞན་དག་ནས་ཀྱང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ། ཁམས་ར་སྤྱི་གླིང་གི་པ་སེ་རིན་གོང་མི་རེ་སྒོར25དང་ཚྭ་ཁའི་ལྗོངས་ཁུལ་གྱི་པ་སེ་རིན་གོང་མི་རེར་སྒོར35།བོད་རིག་གནས་རྟེན་རྫས་བཤམས་སྟོན་ཁང་གི་པ་སེ་རིན་གོང་མི་རེར་སྒོར30།པདྨ་འདབ་བརྒྱད་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཉམས་ལེན་ལྟེ་གནས་ཀྱི་པ་སེ་རིན་མི་རེར་སྒོར30བཅས་ཡིན་པ་རེད།

ཟླ5བའི་ཚེས19ཉིན། གྲོང་ཁྱེར་ནང་ཁུལ་གྱི་ལྗོངས་ཁུལ་དག་ཏུའང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ།ཟི་ལིང་གྲོང་ཁྱེར་གྱི་ལྗོངས་ཁུལ་ཆེ་ཆུང་ཁག་ཚང་མ་ནས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་ཡུལ་སྐོར་སྤྲོ་གསེང་སྐྱིད་པོ་ཞིག་རོལ་ཏུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།