ཝང་གོ་ཧྲིན་གྱིས་འགུལ་སྐྱོད་དངོས་ཀྱི་སྟེང་ནས་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་པར་སྐྲུན་འགྲེམ་སྤེལ་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཧ་ཅང་མཐོང་ཆེན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མཆན་བཀོད་མཛུབ་སྟོན་གནང་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་དེ། ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དམ་འཛིན་བྱེད་པ་དང་། རྒྱུས་ལོན་ཡང་དག་བྱེད་པ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་སྲོལ་ཡིག་གསར་བ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གསར་དུ་བཟོ་བཅོས་བྱས་པའི་སྲོག་ཡིག་ལ་ནན་ཏན་སྒོས་ཞིབ་འཇུག་དང་ཀློག་འདོན་བྱེད་པ། གོ་བ་ཟབ་མོ་ལེན་པ། བྱ་བར་སྦྱར་ནས་མི་འདང་ས་འཚོལ་བ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། རང་རྟོགས་ཇེ་མཐོར་གཏོང་བ། འགུལ་སྐྱོད་དུ་བསྒྱུར་ནས། ཏན་ཏན་ཏིག་ཏིག་གིས་སློབ་སྦྱོང་བྱེད་པ་དང་ཏན་ཏན་ཏིག་ཏིག་གིས་ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་དགོས་པའི་རེ་བ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྱིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ནས། སློབ་སྦྱོང་ནན་མོ་བྱེད་པ་དང་། ལག་ལེན་མཐར་ཕྱིན་བྱེད་པ། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་བྱ་བ་བཟང་བོར་སྤེལ་བ། ལམ་ལུགས་དང་གྲུབ་ཚུལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཟླ་བདུན་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཀྲུང་དབྱང་གི་བརྡ་སྦྱོར་གྱི་ནང་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལྟར། སློབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་ནས། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལ་སློབ་སྦྱོང་ནན་མོ་བྱས་པ་དང་། ཝང་ཆི་ཧྲན་དང་ཀྲའོ་ཧོང་ཀྲུའུ་གཉིས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་དང་ཀྲུང་གོ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚགས་པར་སྟེང་བཀོད་པའི་མིང་བཀོད་རྩོམ་ཡིག་ཞིབ་འཇུག་དང་ཀློག་འདོན་ཞིབ་མོ་བྱས། སྐོར་ཞིབ་ལས་བྱེད་པ་ཚོས་མཐའ་གཅིག་ཏུ། རིམ་པ་སོ་སོའི་སྐོར་ཞིབ་སྡེ་ཁག་གིས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་དང་པོར་བརྩི་བ་དང་། ངོས་ཟིན་གསར་བ་ཇེ་མཐོར་གཏོང་བ། དགོངས་དོན་གསར་བར་གོ་བ་ཟབ་མོ་ལེན་པ། རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ། བྱེད་ཐབས་གསར་བར་ཞིབ་འཇུག་བྱས་ནས། གྲུབ་འབྲས་གསར་བ་ལེན་པར་བརྩོན་ལེན་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པའི་ཚན་གཙོ་ལིས་ཡེ་ཆི་ཡིས་བཤད་རྒྱུར། སྐོར་ཞིབ་ཚན་གཙོ་ཞིག་ཡིན་པའི་ཆ་ནས། སྐོར་ཞིབ་བྱ་བའི་ལག་ལེན་གསར་བར་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་སློབ་སྦྱོང་ནན་མོ་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། ལག་ལེན་མཐར་ཕྱིན་བྱེད་པ། སྲོལ་ཡིག་གི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ། སྲོལ་ཡིག་གི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བ་དང་ཆབ་སྲིད་སྐོར་ཞིབ་སྐོར་གྱི་རེ་བ་ལག་བསྟར་ནན་མོ་བྱས་ནས། སྐོར་ཞིབ་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་བའི་ཚན་གཙོ་ཀའོ་ཞིན་རོང་གིས་བཤད་རྒྱུར། སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གནད་འགག་ནི་འགན་འཁྲི་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན་པས། སྐོར་ཞིབ་ལས་བྱེད་པས་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། གནད་དོན་འཚོལ་བ་དང་གནད་དོན་ཡར་ཞུ་བྱེད་པ། གནད་དོན་ཐག་གཅོད་པར་སྐུལ་འདེད་བྱེད་པའི་འགན་ཁུར་ནས། སྐོར་ཞིབ་བྱ་བའི་ཐད་ཀྱི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚེ་ཡིས་ནན་གྱིས་བསྟན་དོན། སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ན། མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས། ཕྱོགས་དྲུག་ཐད་ཀྱི་བྱ་བ་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་སློབ་སྦྱོང་དམ་འཛིན་བྱེད་པ་དང་། གཉིས་ནས་གསོ་སྦྱོང་དམ་འཛིན་བྱེད་པ། གསུམ་ནས་ལམ་ལུགས་འཛུགས་སྐྲུན་དམ་འཛིན་བྱེད་པ། བཞི་ནས་གཅིག་གྱུར་འཆར་འགོད་བྱེད་པར་དམ་འཛིན་བྱེད་པ། ལྔ་ནས་གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་བྱ་བ་དམ་འཛིན་བྱེད་པ། དྲུག་ནས་དཔུང་སྡེའི་འཛུགས་སྐྲུན་དམ་འཛིན་བྱེད་པ་བཅས་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།