མགོ་ལོག་ཁུལ་གྱི་སྐབས་དྲུག་པའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

1502764182625621.jpg

དུས་ཆེན་གྱི་མཛད་སྒོ་དངོས་སུ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན་གྱི་སྔ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་སྐབས་དྲུག་པའི་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གེ་སར་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་འགོ་བརྩམས།

1502764154755221.jpg

མཛད་སྒོར་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་རྣམ་པ།

1502764437415754.jpg

ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་ཤིས་ཚིག་འབུལ་བཞིན་པ།

1502764437336393.jpg

ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་མཛད་སྒོར་འགོ་འཛིན་བྱེད་བཞིན་པ།

རྒྱུས་ལོན་པ་ལྟར་ན། རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་དེ2002ལོར་སྤེལ་བ་ནས་བཟུང་བདེ་བླག་ངང་ཐེངས་ལྔ་ལ་སྤེལ་ཟིན་པ་དང་། ད་ལྟ་མགོ་ལོག་ཁུལ་གྱི་ཤུགས་རྐྱེན་ཆེས་ཆེ་བའི་རིག་གནས་ཡུལ་སྐོར་ཆས་རྟགས་ཤིག་ཏུ་གྱུར་ཡོད། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དམིགས་ཡུལ་ནི་རིག་གནས་ཀྱི་ཁུལ་ཆེན་དང་གནས་སྐོར་གྱི་ཁུལ་ཆེན་ཐབས་ཇུས་དངོས་འབེབས་བྱས་ཏེ། རིག་རྩལ་བྱ་འགུལ་དང་གནས་སྐོར་མཚམས་སྦྱོར། ཉོ་ཚོང་གྲོས་མོལ། དངོས་ཟོག་བརྗེ་རེས་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མགོ་ལོག་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས། གྲོང་རྡལ་འཕེལ་རྒྱས་ཀྱི་རྣམ་པ་དྲིལ་སྒྲོག་དང་འགྲེམ་སྟོན་བྱས་ནས་ཕྱོགས་ཡོངས་དང་ཁྱབ་ཁོངས་ཆེ་བ། རིམ་པ་མང་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་རྒྱ་བསྐྱེད་དེ་ཧུར་བརྩོན་གྱིས་རིག་གནས་དང་ཡུལ་སྐོར། ལུས་རྩལ། དཔལ་འབྱོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་པར་བསུ་མ་བྱས་ཏེ། མཐོ་སྒང་གི་དག་ཞིང་དང་ངོ་མཚར་གྱི་མགོ་ལོག་སྟེ། ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ་གྱི་མཛེས་ཤུགས་འགྲེམ་སྟོན་བྱ་རྒྱུ་དེ་རེད།

ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཉིན་གསུམ་རིང་སྤེལ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་གཙོ་བོ་རིག་རྩལ་འཁྲབ་སྟོན་དང་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར། གླང་ཆེན་ས་གཤགས། སྦེ་ག་སོགས་ཀྱི་ལུས་རྩལ་འགྲན་བསྡུར་སྤེལ་རྒྱུ་རེད།  །

1502764235596843.jpg

1502764235939491.jpg

1502764235952890.jpg

1502764235536338.jpg

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།