མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོར་བརྩིས་ནས། ཧ་ཅང་མཐོང་ཆེན་བྱེད་པ་དང་བཀོད་སྒྲིག་བཟང་བོ་བྱེད་པ། རྩ་འཛུགས་ནན་མོ་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་དང་། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་ཏུ་བྱེད་པར་སྐུལ་འདེད་བཏང་།

ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ལག་བསྟར་ཇུས་གཞི་ཞིབ་མོ་གཏན་འབེབས་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་སློབ་སློབ་ནན་མོ་བྱེད་པ་དང་མདུན་གྲས་སུ་བསྐྱོད་དེ། ཞིང་ཆེན་ཡོངས་ཀྱི་མིག་དཔེ་རུ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་ཡོན་ལས་བྱེད་པས་རྒྱུས་ལོན་ཡང་དག་དང་གོ་དོན་མཐིལ་རྟོགས་བྱེད་པ་དང་། དྲིལ་སྒྲོག་ཐད་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་གྲོས་ཚོགས་བསྡུས་པ་མ་ཟད་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་ནན་མོ་བཏོན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་ཁྲིད་དང་སློབ་དེབ་ནང་བཀོད་སྒྲིག་བྱས་ནས། དྲིལ་སྒྲོག་བཟང་བོར་བྱེད་པར་སྐུལ་འདེད་བཏང་། མཚོ་སྔོན་ཉིན་རེའི་ཚོགས་པར་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་ལས་ཁུངས་ཀྱིས་རྒྱ་ཆེའི་ཏང་ཡོན་གྱིས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། གཙོ་གནད་དུ་འབུར་ཐོན་བྱས་ནས་སློབ་སྦྱོང་བྱེད་པ། གོ་དོན་མཐིལ་རྟོགས་བྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱས་ཏེ། ཁྱོན་ཡོངས་དང་གོ་རིམ་ལྡན་པ། ཡང་དག་པའི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ནང་དོན་ཁོང་དུ་ཆུད་པར་བྱེད་དགོས་པའི་རེ་བ་བཏོན།

ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། བསྟུད་མར་སྙན་ཞུ་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གདན་ཞུ་བྱས་ཏེ་སྒྲོག་འགྲེལ་གྱི་ཟུར་ཁྲིད་སྙན་ཞུ་ཕུལ་དུ་བཅུག ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲོག་འགྲེལ་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གི་གོ་བ་ཟབ་མོ་ལེན་པར་རོགས་རམ་དང་སྣེ་ཁྲིད་བྱས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་སྒྲོག་འགྲེལ་ཟུར་ཁྲིད་བྱེད་པའི་ཞོར་དུ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཞུགས་མོལ་ཚོགས་འདུ་བསྡུས་ནས་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལས་ཁུངས་དང་གཞི་རིམ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བར་ཁ་གཏད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ཟུར་ཁྲིད་བྱས་པ་དང་རེ་བ་བཏོན་ནས། སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ན་གོར་མོ་གྲོང་ཁྱེར་ཞིབ་དཔྱོད་ཁང་ཞུ་གཏུག་ཁི་ཡི་ཁི་ཀྲང་ཁྲིན་ཡོང་ཅེ་གདན་ཞུ་བྱས་ནས་སྙན་ཞུ་ཕུལ་དུ་བཅུག ཞིང་ཆེན་ལས་བྱེད་པ་རྒན་པ་ཅུའུ་ཡིན་གཅིག་བསྡུས་སྒོས་སྒྲོག་འགྲེལ་དང་ལག་དེབ་སྒྲིག་བཟོ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་གྱི་ཏང་རྩ་འཛུགས་སུ་དྲིལ་སྒྲོག་བྱེད་པར་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།