མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྙན་ཞུ་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་དང་རེ་བ་ལྟར། སྔར་ལས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་རྩ་བའི་གཞི་འཛིན་སར་བྱས་ཏེ། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར།

སྙན་ཞུ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གཙོ་གནད་ཁོང་དུ་ཆུད་པར་བྱེད་རྒྱུ་དེ་བརྗོད་སྙིང་དུ་བྱས་ཏེ། དཔེ་མཚོན་དཔེ་གཞི་དང་གོ་སླ་བའི་སྐད་ཆར་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་རྒྱ་ཆེའི་ཉེན་རྟོག་པ་ཚོར་གསོན་ཉམས་ལྡན་པའི་ཟུར་ཁྲིད་སྙན་ཞུ་ཞིག་ཕུལ། ཁོས་བསྟན་དོན། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་ན། གཙོ་བོར་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་བླ་སྲོག་དང་། ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན་པ་གསལ་བོར་ཤེས་དགོས་པ་དང་། བསམ་བློ་དེ་སློབ་སྦྱོང་དང་ལག་ལེན་བཟང་བོ་བྱེད་རྒྱུ་ནི་ཏང་ཡོན་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ཆབ་སྲིད་འགན་ཁུར་ཡིན་ཟེར།

ལིག་ཉིང་གིས་འགོ་འཛིན་བྱེད་སྐབས་བཤད་རྒྱུར། བློ་མཐུན་ཀྲང་ཞི་མེན་གྱི་སྙན་ཞུ་དེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཉེན་རྟོག་པར་མཚོན་ནས་བཤད་ན། ངོས་ཟིན་གཏིང་ཟབ་ཏུ་གཏོང་བ་དང་བློ་སྒོ་འབྱེད་པའི་བརྒྱུད་རིམ་ཞིག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་གཞུང་ལུགས་སྙིང་བཅུད་དང་ནང་དོན་གཙོ་བོར་སྔར་ལས་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཏང་གི་སློབ་ཁྲིད་ཅིག་ཡིན་པས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱི་ཉེན་རྟོག་པས་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཐད་ཀྱི་དོགས་ཟོན་མཐོར་འདེགས་བྱེད་པ། སྔར་ལས་རང་རྟོགས་སྒོས་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་ལས་དོན་ནམ་ཡང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ། ལོ་རྒྱུས་ཕྱིར་དྲན་བྱེད་པ། མ་འོངས་གསར་གཏོད་བྱེད་པའི་སློབ་སྦྱོང་དང་རྟོག་ཞིབ། ལག་བསྟར་བྱ་འགུལ་བཟང་བོར་སྤེལ་བ་དང་། སློབ་སྦྱོང་དང་སྤྱི་སྡོམ། རྟོག་ཞིབ་ཀྱི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱེད་པ། རིག་ལམ་ཇེ་གསལ་དུ་གཏོང་བ་དང་འདུ་ཤེས་གསར་གཏོད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་བྱ་བའི་སྤྱི་ཁོག་གི་བསམ་ཕྱོགས་དང་དམིགས་འབེན་རེ་བ། དུས་རིམ་ལས་འགན། བྱ་བའི་གོ་རིམ་འཆར་འགོད་དང་གཏན་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བདེ་འཇགས་དང་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་དྲང་གཞག་ཚད་ལྡན་གྱི་ཆབ་སྲིད་ཁོར་ཡུག སྤུས་ལེགས་ཕན་མཐོ་ཡི་ཞབས་ཞུའི་ཁོར་ཡུག་བསྐྲུན་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པ་དང་མིག་སྔའི་སྲིད་ཁྲིམས་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ་དང་། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་བརྟེན་ནས་ཆབ་སྲིད་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཐད་ཀྱི་གྲུབ་འབྲས་ལ་ཞིབ་དཔྱད་ཚད་ལེན་བྱས་ཏེ། ནོར་འཛོལ་མེད་པ་གཉིས་དང་སྐུལ་འདེད་གཏོང་དགོས་པ་གཉིས་མངོན་འགྱུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།