མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚོ་ས་ཆ་སོ་སོར་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཁོང་ཡུང་དང་ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། ཡཱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཏུང་ཁའེ་ཅུན། དབྱིན་པད་སོགས་སོ་སོར་ཆུ་དམར་ལེབ་དང་ཐེམ་ཆེན། གཅིག་སྒྲིལ། ཕེན་ཨན། ཐུན་རིན། ཆི་ལེན། ཧོང་ཀྲུང་། ཞིན་ཧེ་སོགས་ཀྱི་ཞིང་སྡེ་དང་འབྲོག་ཁུལ། ལས་ཁུངས་དང་སློབ་གྲྭ ཁེ་ལས་དང་སྡོད་ཁུལ། གཞི་རིམ་གྱི་མངག་གཏོང་ཁང་བཅས་སུ་སོང་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་དམིགས་པ་མ་ཟད། ཆེད་བསྐོས་ཁྱབ་ཁོངས་དང་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། སྙན་ཞུ་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྒྲོག་འགྲེལ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་པས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སློབ་སྦྱོང་བཟང་བོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པ། ལག་བསྟར་ནན་མོ་བྱེད་པའི་རེ་བ་ལྟར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ། ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་གཉིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། རིག་སྟོབས་དང་སྟོབས་ཤུགས་གཉིས་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པའི་སྟེང་གཅིག་སྒྲིལ་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་པས་བསྟན་དོན། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི། འབྱོང་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་འབད་བརྩོན་གྱི་ཚོགས་ཆེན་ཞིག་རེད། ཚོགས་ཐོག་ནས་གཏན་ཁེལ་བྱས་པའི་བསམ་བློ་གལ་ཆེན་དང་ལྟ་ཚུལ་གལ་ཆེན། ཚོད་དཔག་གལ་ཆེན། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་དག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་དུས་རབས་ཀྱི་དབྱེ་བ་འབྱེད་པའི་དོན་སྙིང་ལྡན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ནན་མོ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པས། ཞིང་ཆེན་གྱི་གོང་འོག་ཡོངས་ནས་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་བཏོན་པའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་ལག་བསྟར་མཐའ་འཁྱོལ་བ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་སྟེང་གཅིག་སྒྲིལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་པས་ནན་གྱིས་བསྟན་དོན། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་དམ་སྦྲེལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བཀོད་སྒྲིག་སྣ་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། བར་ཆད་དང་ཁ་ཕྱོགས། ཟུང་འབྲེལ་བྱེད་གནས་འཚོལ་བ། ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཇེ་ཞིབ་དང་བྱེ་བྲག་ཏུ་བསྒྱུར་བ། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེ་རང་ས་ཁུལ་དང་རང་སྡེ་ཁག་གི་བྱ་བའི་ལས་འགན་དུ་བསྒྱུར་ནས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་བཟང་བོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོ་བཙུགས་ནས། བརྟན་བརླིང་ངང་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་བཏང་སྟེ། བརྟན་བརླིང་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤེལ་དགོས། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། བརྟན་བརླིང་ངང་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། བརྟན་བརླིང་ངང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དང་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།