ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གཞུང་ལུགས་བགྲོ་གླེང་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་ཞིབ་འཇུག་ལྟེ་གནས་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞུང་ལུགས་བགྲོ་གླེང་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ཟི་ལིང་ནས་ཚོགས།

བགྲོ་གླེང་གྲོས་ཚོགས་དེ་གཙོ་བོར་ཆེད་དོན་སྙན་ཞུ་དང་ཆེད་མཁས་པའི་གླེང་སྟེགས་གཉིས། ཚན་ཆུང་ལྔ་ཡི་བགྲོ་གླེང་། ཕུལ་བྱུང་དཔྱད་རྩོམ་འབྲི་མཁན་གྱི་འཐུས་ཚབ་པ་ལྔའི་གཏམ་བཤད་བཅས་ཀྱིས་གྲུབ་པ་མ་ཟད། ཚོགས་ཐོག་ཏུ་ད་དུང་སྒྲོག་འགྲེལ་འགྲེལ་ཀློག་དང་ཕན་ཚུན་བརྗེ་རེས་བྱས།

ཚོགས་ཐོག་ཏུ། རྒྱལ་སྲུང་སློབ་ཆེན་མར་ཁེ་སི་ལེ་ཉིན་རིང་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཧོང་ཧྲུའུ་ཅིན་གྱིས་ཁ་བྱང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་ཅེས་པའི་སྙན་ཞུ་ཕུལ། སྙན་ཞུའི་བརྗོད་སྙིང་མངོན་གསལ་ཡིན་ཞིང་ནང་དོན་ཕུན་སུམ་ཚོགས་ལ། ང་ཚོས་ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་གོ་དོན་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཐད་ནས་སྐུལ་སློང་གི་ནུས་པ་ལྡན།

ཆེད་མཁས་པའི་གླེང་སྟེགས་སྐབས་སུ། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་དང་མིའི་རིགས་ལས་དབང་གི་ཐུན་མོང་ཚོགས་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སློབ་སྦྱོང་དང་རྒྱུས་ལོན་བྱེད་སྐབས་ངོས་འཛིན་དང་ཐག་གཅོད་དགོས་པའི་འབྲེལ་བ་འགའ། མཚོ་སྔོན་གྱི་ཁྱད་ཆོས་ཆེད་ལས་ཅན་གྱི་རིམ་མཐོ་རིག་མཛོད་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོ་འཛུགས་པ། ཞང་གྲོང་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ལ་དམིགས་ནས་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དེའི་དོན་སྙིང་གལ་ཆེན་དང་ནང་དོན། གཞུང་ལུགས་རིན་ཐང་དང་ལག་བསྟར་རིན་ཐང་། ལམ་ལུགས་རིན་ཐང་། རིག་གནས་རིན་ཐང་བཅས་ལ་ཞིབ་འཇུག་དང་ཞིབ་དཔྱད་གཏིང་ཟབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།