རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་མཉམ་འཛུགས་བྱེད་པར་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན།    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་མཉམ་འཛུགས་བྱེད་པར་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཧྲིན་ཀྲང་ཝང་ཅན་ཅུན་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པ་དང་།   རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲའོ་ཡུང་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གཉིས་ཀྱིས་གྲོས་མཐུན་སྟེང་མིང་བཀོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལུས་རྩལ་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ལུས་རྩལ་བྱ་བའི་ཐད་ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གནང་ནས།   ལུས་རྩལ་ལས་དོན་ནི་སྤྱི་ཚོགས་ཡར་ཐོན་དང་མིའི་རིགས་དཔལ་ཡོན།  མང་ཚོགས་བདེ་སྐྱིད་བཅས་ཀྱི་མཚོན་རྟགས་ཡིན་པས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་ལུས་རྩལ་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་བསྟན།   དུས་ཡུན་རིང་བོར།   རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཐོག་མཐའ་བར་གསུམ་ཀུན་ཏུ་མཚོ་སྔོན་གྱི་ལུས་རྩལ་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་།  འདས་པའི་ལོ་ལྔའི་རིང་ལ།   བསྡོམས་པས་རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར་ལྔ་བཏང་སྟེ་མཚོ་སྔོན་གྱི་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས།       གྲོས་མཐུན་ལས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་གྱི་དམངས་ཡོངས་ལུས་སྦྱོང་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་ཚད་གཞི་མཐོ་བའི་རྒྱལ་ཁབ་ཕྱོགས་བསྡུས་སྦྱོར་བརྡར་རྟེན་གཞི་འཛུགས་སྐྲུན་བྱེད་པ།  མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་འགྲན་སྡུར་འགན་སྒྲུབ་བྱེད་པ་དང་དར་ཤུད་ལུས་རྩལ་འཕེལ་རྒྱས་སུ་གཏོང་བ།   མཚོ་སྔོན་གྱི་ལུས་རྩལ་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ།    མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་སོགས་ཐད་ལ་རྒྱལ་སྐྱོར་བྱས་ཏེ་མཚོ་སྔོན་གྱིས་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པ་དང་།  ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་རྒྱུ་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།