མཚོ་སྔོན་གཏེར་ལམ་རྫོང་དུ་གནའ་བོའི་བང་སོ་རྐུ་འདོན་བྱས་པའི་གྱོད་དོན་ཞིག་རྩད་གཅོད་བྱུང་།

W020180821327967395766.jpg

W020180821328144120529.jpg

གཏེར་ལམ་ཆུ་ཁོལ་བང་སོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་བདེ་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཧའེ་ནན་དང་ཧྲའན་ཞི། ཀྲེ་ཅང་། ཡུན་ནན་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རོགས་འདེགས་འོག གཏེར་ལམ་དུ་གནའ་བོའི་བང་སོ་བསློགས་པའི་གྱོད་དོན་རྩད་གཅོད་བྱུང་བ་དང་། དོགས་ཡོད་ཉེས་ཅན26བཟུང་བ་མ་ཟད། རིགས་མི་འདྲ་བའི་གནའ་རྫས646ལག་སོན་བྱུང་ཡོད་པ་རེད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གནའ་རྫས་སྡེ་ཁག་གིས་སྤྱི་བདེ་ལས་ཁུངས་ལ་ཁུངས་སྣེ་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་དུ་ཐོན་པའི་གནའ་རྫས་ཁག་ཅིག་མཚོ་སྔོན་དུ་ལོག་ཚོང་རྒྱག་ཉེན་ཡོད་པ་ཤེས་རྟོགས་བྱུང་། སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེ་དེར་བརྟེན་ནས་ཞིབ་བཤེར་བྱས་པ་བརྒྱུད། གྱོད་དོན་དེ་རྒྱལ་ཡོངས་ཀྱི་གཙོ་གནད་གནའ་རྫས་སྲུང་སྐྱོབ་སྡེ་ཁག་སྟེ་ཆུ་ཁོལ་བང་སོ་ཡིན་པ་ཤེས་རྟོགས་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཚད་མཐོའི་དོ་སྣང་བྱས་ཏེ་མྱུར་དུ315ཆེད་དོན་ཚོ་ཆུང་སྒྲིག་འཛུགས་བྱས་པ་རེད།

W020180821328658079656.jpg

W020180821328857773533.jpg

རྩད་རྙེད་བྱུང་བའི་གནའ་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།

གྱོད་དོན་ཕྱོགས་ཡོངས་ནས་རྩད་གཅོད་བྱུང་ཆེད། སྤྱི་བདེ་པུའུ་ཡིས་ཧའེ་ནན་དང་ཧྲན་ཏུང་། ཧྲའན་ཞི། ཧུའུ་པེ། ཀྲེ་ཅང་། ནང་སོག ཡུན་ནན་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྒྲིག་འཛུགས་བྱས་ཡོད་པ་རེད། སྤྱི་ལོ2018ལོའི་ཟླ6པའི་ནང་སྤྱི་བདེ་པུའུ་ཡིས་རིམ་པ་དང་པོའི་འཇུ་བཟུང་བཀའ་རྒྱ་ཡོངས་བསྒྲགས་བྱས་ཏེ་ཝང་ཅན་ཐའོ་དང་ཧན་ཝན་ལི་གཉིས་སྔ་རྗེས་སུ་ཀྲེ་ཅང་དང་ཧའེ་ནན་ནས་འཛིན་བཟུང་བྱས་པ་མ་ཟད། བྲོས་བྱོལ་དུ་ཕྱིན་པའི་ཀྲུའུ་མུའུ་ཧའེ་ཡང་ཡུན་ནན་ཁྲུའུ་ཞུང་དུ་འཛིན་བཟུང་བྱས་པས། 315གྱོད་དོན་གྱི་དོགས་ཡོད་ཉེས་ཅན་ཚང་མ་འཛིན་བཟུང་དང་གནའ་རྫས་ཚང་མ་རྩད་རྙེད་བྱུང་ཡོད་པ་རེད།

གཏེར་ལམ་རྫོང་ནི་ཚྭ་འདམ་གཞོང་སའི་ལྷོ་ནུབ་མཚམས་སུ་ཆགས་ཤིང་། གནའ་བོའི་དར་གོས་ལམ་བུའི་ཐོག་གི་བྱང་རྒྱུད་ཀྱི་ཚོང་ལམ་དང་ལྷོ་རྒྱུད་ཀྱི་ཚོང་ལམ་ཐུག་ས་ཡིན་པ་དང་། ས་གནས་དེ་རུ་གནའ་བོའི་བང་སོ་ཆེ་ཆུང་ཆུང་གསུམ་དང་གནའ་བོའི་ཤུལ་བཞག་1500ལྷག་ཡོད་པ་རེད།

དེ་ལས་ཆུ་ཁོལ་བང་སོ་ལ་བསྡོམས་པའི་བང་སོ300ལྷག་དང་། དེ་ནི་མཚོ་སྔོན་ནང་ཁུལ་གྱི་གཞི་ཁྱོམ་ཆེས་ཆེ་བའི་ལྷོ་བྱང་རྒྱལ་རབས་ནས་ཐང་རྒྱལ་རབས་བར་གྱི་བང་སོའི་ཚོགས་ཅིག་རེད། སྤྱི་ལོ1983ལོར་རིག་གནས་པུའུ་ཡིས་རང་རྒྱལ་གྱི་གནའ་རྫས་རྟོག་དཔྱོད་ཆེན་པོ་དྲུག་གི་གྲས་སུ་བཅུག་པ་དང་། སྤྱི་ལོ1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་གནའ་རྫས་སྲུང་སྐྱོབ་ཚན་པ་སྐོར་ཐེངས་བཞི་པའི་གྲས་སུ་བཞག་པ་མ་ཟད། སྤྱི་ལོ1996ལོར་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་དཔྱོད་ཀྱི་གསར་རྙེད་གསར་པ་བཅུའི་གྲས་སུའང་བཞག་ཡོད་པ་རེད།

W020180821329311403907.jpg

W020180821329460329452.jpg

བང་སོའི་ཉེ་འཁོར་གྱི་བང་སོ་ཆུང་ངུ་ཞིག

གཏེར་ལམ་ཆུ་ཁོལ་བང་སོ་ནས་ཐོན་པའི་གནའ་རྫས་ཁག་ནི་རྒྱ་ནག་དང་ཨ་ཤེ་ཡ་དབུས་རྒྱུད། ཨ་ཤེ་ཡ་ལྷོ་རྒྱུད་སོགས་ཀྱི་གནའ་བོའི་དུས་རབས་བར་མའི་སྐབས་ཀྱི་རིག་གནས་ཉིང་བཅུད་ཁག་དང་། དེ་ནི་ཆཱང་དང་འ་ཞ། ཐུ་བྷོད་སོགས་རང་རྒྱལ་ནུབ་རྒྱུད་ཀྱི་གནའ་བོའི་མི་རིགས་ཞིབ་འཇུག་ཐད་ཀྱི་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པ་མ་ཟད། དར་གོས་ལམ་བུའི་ཞིབ་འཇུག་ཁྲོད་མེད་དུ་མི་རུང་བའི་དངོས་པོའི་ཁུངས་སྐྱེལ་དཔེ་མཚོན་ཞིག་རེད།

མིག་སྔར་རྐུ་འདོན་བྱས་པའི་བང་སོའི་གནའ་རྫས་རྟོག་དཔྱོད་ཀྱི་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་། གནའ་རྫས་སྲུང་སྐྱོབ་ལས་དོན་ཡང་མུ་མཐུད་དུ་འཐུས་ཚང་དུ་གྱུར་བཞིན་ཡོད། དེ་དང་ཆབས་ཅིག་ཏུ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་གནའ་རྫས་སྲུང་སྐྱོབ་རུ་ཁག་དང་པོ་དེ་ཡང་གཏེར་ལམ་རྫོང་དུ་བཙུགས་ཏེ། གནའ་བོའི་བང་སོའི་ཁུལ་ལ་མཁའ་ཐོག་དང་ཡུལ་དངོས་ནས་མྱུལ་ཞིབ་བྱ་རྒྱུ་དང་། དེས་གནའ་རྫས་སྲུང་སྐྱོབ་ལས་དོན་གྱི་ཆུ་ཚད་དང་ནུས་པ་མཐོ་རུ་གཏོང་བ། གནའ་རྫས་བདེ་འཇགས་ཀྱི་སྲུང་སྐྱོབ་ལས་དོན་ཐད་ལ་འགོག་སྲུང་བརྟན་པོ་ཞིག་མཁོ་འདོན་ཐུབ་ངེས་ཡིན་པ་རེད།

W020180821329928808074.jpg

W020180821330087259637.jpg

བང་སོ་ནང་ཐོན་པའི་གནའ་རྫས་ཁག་ཅིག

W020180821330364467447.jpg

W020180821330528067038.jpg

རྩད་རྙེད་བྱུང་བའི་གནའ་རྫས་ཉར་ཚགས་བྱེད་ཀྱིན་པ།

སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས།སྤྱི་བདེ་ལས་ཁུངས་ཀྱིས་གནའ་རྫས་རྟོག་དཔྱོད་སྡེ་ཁག་དང་མཉམ་དུ་གནའ་རྫས་ཉེས་བསག་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་བྱེད་ཐབས་གང་མང་བརྒྱུད་དེ་གནའ་མིས་བཞག་པའི་ཤུལ་བཞག་རྩ་ཆེན་ཁག་དོ་དམ་གང་ལེགས་དང་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་སྤྱི་བདེ་ལས་ཁུངས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གནའ་རྫས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་དང་། གནའ་རྫས་སྲུང་སྐྱོབ་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ། རྐུ་འདོན་དང་ལྐོག་ཚོང་། གནའ་རྫས་ལྐོག་འདྲེན་སོགས་ཀྱི་ཉེས་བསགས་ཁུངས་སྣེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱ་རྒྱུའི་འབོད་སྐུལ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།