ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གིས་གཏམ་བཤད། གྲོས་ཚོགས་ལས་ད་ལོའི་འདས་པའི་ཟླ་ངོ་བརྒྱད་རིང་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། མ་འོངས་ཟླ་ངོ་གསུམ་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་བཀོད་སྒྲིག་གང་ལེགས་བྱས་པ་ལས་གཞན། དམིགས་འབེན་གཏན་ནས་མི་གཏོང་བར་འབད་དེ། ལོ་ཧྲིལ་བོའི་ལས་རིམ་ཁག་སོ་སོའི་དམིགས་འབེན་མངོན་དུ་འགྱུར་བར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་ནན་སྐུལ་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་གནད་འགག་ཡིན་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པའི་བྱ་བ་གནད་འགག་གི་དུས་རིམ་ལྟ་བུར་སླེབས་ཡོད། ཆབ་སྲིད་ལ་གཙིགས་འཛིན་བྱས་ཏེ། ད་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པའི་བླང་བྱ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་བརྩི་བ་དང་དཔལ་འབྱོར་དམ་པོར་འཛིན་པའི་བར་གྱི་རྩོད་སྒྲུབ་འབྲེལ་བར་གོ་བ་ཡང་དག་བླངས་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་གྱི་བྱེད་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས། རྩོད་སྒྲུབ་བསམ་བློ་བཀོལ་ནས་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགྲན་རྩོད་གསར་བ་བཅས་ལ་དབྱེ་ཞིབ་གནད་སྨིན་བྱས་ཏེ། གཞི་གཅིག་ཅན་གྱི་སྦྲེལ་གནས་དང་གནད་ཕིགས་ཇུས་ཆོད་རྙེད་པར་བྱེད་དགོས། བདེན་འཚོལ་དངོས་གཉེར་གྱི་བྱེད་ཕྱོགས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་དང་དངོས་འབེབས་དམ་འཛིན་བྱེད་དགོས། བྱས་རྗེས་འཇོག་པར་འབད་དེ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བྱས་རྗེས་འཇོག་དགོས་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་སྟེང་དུ་བླངས་ནས། ནུས་པ་ཅི་ཡོད་རྩལ་དུ་འདོན་དགོས་ལ། སྟོབས་ཤུགས་གང་ཡོད་ལྷག་ལུས་མེད་པར་བཏོན་ནས། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པ་ལ་འདེགས་སྐྱོར་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྐྱར་དུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་བསྐྱར་དུ་འཆར་འགོད་དང་སྐུལ་སློང་། བཀོད་སྒྲིག་བཅས་བྱས་ལ། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་དང་གནད་ཕིགས་ཤུགས་འདོན། ཤུགས་ཆེན་པོས་ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པར་འབད་འབུངས་བྱས་ཟེར། ཝང་ཡུས་པོ་ཡིས་མིག་སྔའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་གྱི་དམིགས་ཚད་གཙོ་བོའི་ཡོངས་འགྲུབ་གནས་ཚུལ་ཁྱབ་སྒྲོག་བྱས། 

ཝང་ཞའོ་དང་ཡན་ཅིན་ཧེ། ཡུས་ཚུང་ལི། ཉི་མ་སྒྲོལ་མ། ཉུའེ་ཁྲིན་ཡུན། ཧན་ཅན་ཧྭ། ཝང་ལིས་མེན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས། །   

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།