མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཟབ་སྦྱོང་ཐེངས་གསུམ་པ་ཟི་ལིང་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས12ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཟབ་སྦྱོང་ཐེངས་གསུམ་པ་ཟི་ལིང་ནས་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ནན་ཏན་སྒོས་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱ་རྒྱུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ལྟ་སྐུལ་མཛུབ་སྟོན་གྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ནས། ལྟ་སྐུལ་རྣལ་མ་དང་མཛུབ་སྟོན་ཡང་དག་གི་སྦྱོར་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ལྟ་སྐུལ་ནན་མོ་དང་ཞིབ་བཤེར་ཞིབ་མོ་རྒྱུན་འཁྱོངས་བྱས་ཏེ། ནག་འཇོམས་ངན་སེལ་ལས་དོན་གཏིང་ཟབ་ས་ནས་ཟབ་སར་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།