ཝང་ལིས་མེན་གྱིས་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྟོབས་ལྡན་གྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཝང་ལིས་མེན་གྱིས་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་སྟེང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་རྩ་འཛུགས་ལམ་ཕྱོགས་ལག་ལེན་བྱེད་པར་གཅིག་གྱུར་སྒོས་བཀོད་འདོམས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་པ་དང་བསམ་བློ་འཛུགས་སྐྲུན་ཐོག་མར་ལག་བསྟར་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་ཡིད་ལ་དམ་པོར་འཛིན་པ། སྒྲིག་ལམ་འཛུགས་སྐྲུན་ཕྲག་ཏུ་ཁུར་ཏེ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་བར་གཅིག་སྡུད་སྒོས་དག་ཐེར་དང་བཅོས་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ལིས་མེན་གྱིས་ཉིས་སྟོང་བཅུ་དགུ་ལོའི་རིམ་པ་གཉིས་ཀྱི་ཏང་ཨུ་ཡིས་གནད་དོན་ཁྲིད་ཕྱོགས་ལ་ཤུགས་བསྣན་ཏེ་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ཏང་འཛུགས་བྱ་བའི་ཚད་གཞིའི་མ་ལག་འཛུགས་སྐྲུན་མྱུར་དུ་ལག་བསྟར་བྱེད་དགོས།  སྒྲིག་གཞིའི་བཅོས་སྒྱུར་གྱི་ནུས་ལྡན་གོ་སྐབས་དམ་འཛིན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་ནུས་པ་དང་འགོ་ཁྲིད་ནུས་པ་ཇེ་ཆེར་གཏོང་བའི་ཕྱོགས་སུ་ཤུགས་བསྐྱེད་དགོས། ཏང་འཛུགས་བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ་ཏང་འཛུགས་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ནུས་ལྡན་བྱེད་ཐབས་དང་རྐྱེན་སྲོལ་ཆགས་པར་བྱེད་དགོས་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཕྱིའི་ཐོན་སྐྱེད་བདག་གཉེར་གྱི་ནུས་པ་ཇེ་ཆེར་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།