མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་སྤེལ་ནས་ལོ་འཁོར35ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་དེབ་ཕྲེང་འགྲམ་སྤེལ་མཛད་སྒོ་ཟི་ལིང་ནས་བསྡུས།

03278b7e5820dbc4719b6b97616ff2a6.jpg

e101bec9aecb784a05f30bcbf740aa73.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ།  ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།)2018ལོའི་ཟླ12པའི་ཚེས29ཉིན། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་སྤེལ་ནས་ལོ་འཁོར35ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་དེབ་ཕྲེང་འགྲམ་སྤེལ་མཛད་སྒོ་ཟི་ལིང་ནས་བསྡུས། ཐེངས་འདིའི་མཛད་སྒོ་ལ་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཀའོ་ཅན་ཆང་གིས་འགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་དང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དཔའ་ཕྱུག མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་དང་ལིས་ཞོ་མིན།   གཞན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་ཐིང་།སྤྱི་བདེ་ཐིང་།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ལས་ཁུངས23གྱི་འབྲེལ་ཡོད་འགོ་ཁྲིད་དང་གསར་འགོད་པ་སོགས་མི200ལྷག་ཐེངས་འདིའི་འཛད་སྒོ་སྟེང་ཞུགས་ཡོད། 

3189a02f0bc9719a6141418c874ef079.jpg

མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲིན་ཆིས་ཡུས་ཀྱིས་ཚོགས་འདུ་ལ་ཤིས་བརྗོད་གནང་བ་དང་རྩོམ་སྒྲིག་གཞོན་པ་ཀའོ་ཅན་ཆང་གིས་ཚོགས་འདུར་འགོ་འཛིན་བྱས།

c23208d02faf817bbc13d89ec4d230a9.jpg

《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》ནི། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་ཐིང་གཉིས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། 1983ལོར་གསར་སྤེལ་གནང་སྟེ། རྒྱལ་ཡོངས་སུ་བོད་ཡིག་གིས་སྤེལ་བའི་ཁྲིམས་ལུགས་ཚགས་པར་ཆེས་ཐོག་མ་ཡིན་པས། བོད་ཁུལ་གྱི་ཁྲིམས་སྤེལ་བྱ་གཞག་ཁྲོད་མེད་དུ་མི་རུང་བའི་ཁྲིམས་སྒྲོག་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

7504230abca5770f10f11c6c4ba557ab.jpg

ཚགས་པར་འདི་ནི་དོན་དམ་གྱིས་རྒྱ་ཆེ་བའི་བོད་རིགས་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱིས་ཐད་ཀར་དུ་བཅའ་ཁྲིམས་ཤེས་བྱ་དང་སློབ་སྦྱོང་དང་བརྩི་སྲུང་།  བཀོད་སྤྱོད་བཅས་བྱེད་པའི་གོ་བདེའི་ཀློག་དེབ་ཅིག་ཏུའང་གྱུར་ཡོད་པ་རེད། ཚགས་པར་འདི་གཟའ་འཁོར་རེར་དཔར་ཐེངས་གཅིག་ཡིན་པ་དང་། ལོ་གཅིག་ལ་ཚགས་པར50ལྷག་འདོན་སྤེལ་བྱེད་ཐུབ་པས། རྒྱ་ཆེའི་ཀློག་མཁན་གྱི་འདོད་བློ་ཡང་ཕལ་ཆེར་ལེགས་པོར་སྐོང་ཐུབ་པ་བྱུང་ཞིང་། རྩོམ་པ་པོ་དང་གསར་འགོད་པ་མང་པོ་ཞིག་ཀྱང་བསྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད། 

77967fefc7ec4e47d1b8e303f9151772.jpg

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་དང་།ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དཔའ་ཕྱུག།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་པད་མ་དབང་རྒྱལ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་གནང་བ་དང་། ཁོ་ཚོས་བཤད་རྒྱུར།  ཚགས་པར་འདི་ནི་རྒྱལ་ཡོངས་ཁྲིམས་སྐྱོང་རིགས་ཀྱི་བོད་ཡིག་ཚགས་པར་ཁོ་ན་ཡིན་པ་ལས། གནས་བབ་གསར་པའི་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཞབས་ཞུའི་ལས་དོན་ལ་དམ་པོར་དམིགས་ཏེ། བོད་ཁུལ་གྱི་གཞོན་ནུའི་ཁྲིམས་ལུགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཕེལ་རིམ་ནང་འོས་བབ་ཀྱི་ནུས་པ་འདོན་པ་དེ་དམིགས་སུ་བཟུང་ནས། ཁྲིམས་སྐྱོང་གསར་འགྱུར་ཁྱབ་སྤེལ་དང་།བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བར་མ་ཟད། ཞིང་ཆེན་སྲིད་ཁྲིམས་ལས་དོན་དང་།སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་འདེད་ཀྱི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་ཞེས་བཤད།

5d7cb92903af8e9631d01b6dc0a88e51.jpg

a2f916f4ecf2b022e97d906bfa35c084.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།