《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་སྲོལ་ཡིག》ཚེས1ཉིན་ནས་ལག་ལེན་བསྟར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་སྲོལ་ཡིག》ཚེས1ཉིན་ནས་ལག་ལེན་བསྟར་བ་དང་། 《སྲོལ་ཡིག》དེས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་དོ་དམ་བཅའ་ཁྲིམས་ཀྱི་སྟོང་ཆ་བསྐངས་ཡོད།

《སྲོལ་ཡིག》དེ་ཉིད་ལེའུ་བདུན་དང་ནང་གསེས་ཞེ་དགུར་ཕྱེ་བ་དང་། སྲོལ་ཡིག་ནང་འཁོད་པའི་གྲོང་གསེབ་གཞུང་ལམ་ཞེས་པ་ནི་གྲོང་གསེབ་གཞུང་ལམ་གྱི་འཆར་འགོད་ནང་བཅུག་པ་མ་ཟད། གཞུང་ལམ་ལས་གྲྭའི་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་བསྐྲུན་པའི་རྫོང་གི་ལམ་བུ་དང་། ཤང་གི་ལམ་བུ། གྲོང་ཚོའི་ལམ་བུ་བཅས་དང་དེའི་ཁོངས་སུ་གཏོགས་པའི་སྒྲིག་བཀོད་ལ་བརྗོད་ཀྱི་ཡོད། 《སྲོལ་ཡིག》ནང་གྲོང་གསེབ་གཞུང་ལམ་གྱི་འཆར་འགོད་འཛུགས་སྐྲུན་དང་། བདག་སྐྱོང་གཉེར་སྐྱོང་། མ་རྩ་བསྡུ་སྒྲིལ་དང་དོ་དམ། ལམ་སྐྱོང་དོ་དམ། བཅའ་ཁྲིམས་འགན་འཁྲི་སོགས་ལ་གཏན་འབེབས་བྱས་ཡོད། ལོ་མང་འཕེལ་རྒྱས་མྱུར་པོ་བཏང་བ་བརྒྱུད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི6ལྷག་ཙམ་ཟིན་ནས་ཞིང་འབྲོག་ཁུལ་གྱི་འགྲོ་སྐྱོད་དཀའ་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།