མཚོ་སྔོན་ཞིང་ཆེན་ཏང་ཨུས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་གི་ཉིས་སྟོང་བཅོ་བརྒྱད་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན།   མཚོ་སྔོན་ཞིང་ཆེན་ཏང་ཨུས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་གི་ཉིས་སྟོང་བཅོ་བརྒྱད་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།   ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས།

གྲོས་ཚོགས་སྟེང་།   དམངས་གཙོ་འཚོ་བའི་གཞི་རྩའི་གནས་ཚུལ་དང་།   བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབས་པའི་ངོས་ཟིན་དང་མྱོང་ཚོར།   ཞིབ་བསྡུར་ཞིབ་བཤེར་གནས་ཚུལ།  གོ་རིམ་རྗེས་མའི་ལེགས་བཅོས་བྱེད་ཐབས་སོགས་ཁྱབ་བསྒྲགས་བྱས།   ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར།   ཟླ་དང་པོའི་ཚེས་བཅུ་གཉིས་དང་བཅུ་གསུམ་གཉིས་ལ།  ཞིང་ཆེན་ཏང་ཨུས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།  ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་ཤིང་དུ་བྱས་པ་དང་།  གསར་སྐྲུན་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པར་ཤུགས་སྣོན་པ།   འདུ་ཤེས་བཞི་བརྟན་པོར་འཛུགས་པ།  ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ།  ལས་འགན་ཁག་ཁུར་བྱེད་ཕོད་པ།  བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་རྒྱུ་བཅས་གཟི་བརྗིད་རུ་བརྩིས་ཏེ་འགོ་ཁྲིད་ཚན་ཁག་གི་བྱ་བ་དང་མི་སྒེར་གྱི་དངོས་ཡོད་གནས་ཚུལ་གཉིས་ཟུང་འབྲེལ་བྱས་པ་དང་།   གནས་པའི་གནད་དོན་ལ་ཞིབ་བཤེར་གཏིང་ཟབ་བྱས་ལ།   ཏང་གཤིས་ལ་དབྱེ་ཞིབ་ནན་མོ་བྱས་པར་མ་ཟད།   སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན།   ཀྲུང་དབྱང་ལྟ་ཞིབ་ཚན་ཁག་གི་ཚན་གཙོ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཁས་ལེན་གང་ལེགས་བྱས་པ་དང་།   ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲོས་ཚོགས་སྔོན་གྱི་གྲ་སྒྲིག་བྱ་བ་ཕུན་སུམ་ཚོགས་པ་དང་།  གྲོས་ཚོགས་ཀྱི་བརྗོད་དོན་གསལ་ཞིང་།   གནད་དོན་འཚོལ་ཞིབ་བྱས་པ་དངོས་ཡོད་དང་མཐུན་པར་མ་ཟད།   སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་བ་གཟབ་ནན་གྱིས་སྤེལ་བ་དང་།   དག་ཐེར་ལེགས་བཅོས་བྱེད་ཐབས་མངོན་གསལ་ཞིབ་ཕྲ་ཡིན་པས།  སྤུས་ཚད་མཐོ་བའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཤིག་ཡིན་པ་དང་།  བསམ་བློ་སྔར་ལས་གཅིག་གྱུར་དང་ཁ་ཕྱོགས་སྔར་ལས་གསལ་བ།   སྟོབས་ཤུགས་སྔར་ལས་གཅིག་བསྡུས་ཀྱི་དམིགས་འབེན་ལ་སླེབས་ཡོད་པར་འདོད།

ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ཆེན་རིམ་པ་གཞོན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་།  ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་།  ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།