མཚོ་སྔོན་ཞིང་ཆེན་གྱིས་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ལྔ་བཙུགས་ནས། རྩ་འཛུགས་ཡོད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ལོ་སརསྐབས་ཀྱི་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་རེད།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ཐེངས་འདིའི་ཆེད་དོན་བཅོས་སྒྲིག་གིས་སྐབས་བསྟུན་དང་གལ་ཆེའི་ཞིབ་བཤེར་བྱེད་ཐབས་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་ཁ་ཤས་དང་སྨན་བཅོས་ཡོ་བྱད།  བྱུགས་རྫས་ཐོན་སྐྱེད་དོ་གཉེར་ཁེ་ལས་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད།  ཞིབ་བཤེར་བྱེད་ཡུལ་སོ་སོའི་སྤུས་ཚད་དང་བཀོལ་སྤྱོད་བདེ་འཇགས་ལ་ཕྱོགས་ཡོངས་ནས་ནན་བཤེར་བྱེད་པ་དང་།  ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་སྨན་རྫས་བདེ་འཇགས་ཕྱོགས་ཀྱི་གནད་དོན་འབྱུང་བར་བཀག་འགོག་ཡང་དག་བྱས་ནས།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དང་བདེ་ཐང་མཚོ་སྔོན་སྐྲུན་པར་སྨན་རྫས་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

དེ་ལས་གཞན།  ཐེངས་འདིའི་ཆེད་དོན་བཅོས་སྒྲིག་གིས་སྨན་རྫས་དང་སྨན་བཅོས་ཡོ་བྱད།  བྱུགས་རྫས་སྤུས་ཚད་བདེ་འཇགས་ཕྱོགས་ཀྱི་ཞིབ་བཤེར་ཁྲིམས་འཛིན་ནུས་ཤུགས་ཇེ་ཆེར་བཏང་ནས།  སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་བྱེད་པར་ཤུགས་སྣོན་དང་།  ཁྲིམས་མཐུན་མིན་པའི་ཁ་སྣོན་དང་ཚབ་བྱེད།  དུས་བརྒལ་སྤུས་འགྱུར་གྱི་སྨན་རྫས་དང་ཁྲིམས་འགལ་གྱིས་སྨན་རྫས་ཉོ་འཚོང་བྱེད་པར་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱས་ནས་གནད་དོན་གཙང་ཕྱགས་ཀྱི་ཁྲིམས་མཐུན་རྣམ་པ་རྒྱུན་འཁྱོངས་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།