ཀོས་ཀྲིག་གི་ཇའི་ཐོན་ལས་སྐུལ་སྤེལ་མཚམས་སྦྱོར་བྱ་འགུལ་མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཀོས་ཀྲིག་གི་ཇའི་ཐོན་ལས་སྐུལ་སྤེལ་མཚམས་སྦྱོར་བྱ་འགུལ་མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་ནས་བསྡུས། མཚོ་སྔོན་ཞིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཀོས་ཀྲིག་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཀོས་ཀྲིག་ཞིང་ཆེན་ཞིང་སྡེ་ཐོན་ལས་གསར་བརྗེ་དང་ཇའི་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་མུའུ་ཏི་ཀོས་དང་། ཀོས་ཀྲིག་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན། ཞིང་ཆེན་ཇ་ལོ་མཐུན་ཚོགས་ཀྱི་ཚོགས་གཙོ་ལུའུ་ཀྲི་མེན་ལ་ཐུག་འཕྲད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་གཞོན་པ་སུའུ་ཉིན་དང་ཚའོ་ཧུང་བཅས་ཐུག་འཕྲད་དང་སྐུལ་སྤེལ་མཚམས་སྦྱོར་བྱ་འགུལ་ལ་ཞུགས།

ལིག་ཉིང་གིས་ཀོས་ཀྲིག་གི་མགྲོན་པོ་རྣམས་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཏེ་བཤད་རྒྱུར། ཀོས་ཀྲིག་གི་ཇའི་ཐོན་ལས་སྐུལ་སྤེལ་མཚམས་སྦྱོར་བྱེད་རྒྱུ་ནི་ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གི་བྱ་འགུལ་གལ་ཆེན་ཞིག་ཡིན། ཀོས་ཀྲིག་དང་མཚོ་སྔོན་གཉིས་ནི་ནུབ་རྒྱུད་ཀྱི་ཞིང་ཆེན་ཡིན་པའི་ཆ་ནས། མི་རིགས་མང་པོ་འདུས་སྡོད་ས་ཁུལ་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པ། དབུལ་ཐར་མཁྲེགས་གཏོར་གྱི་འོས་འགན་ལྕི་མོ་ཡིན་པ་སོགས་ཕྱོགས་མང་པོའི་ཐད་ནས་མཐུན་ཆ་ཡོད་པས། ཞིང་ཆེན་གཉིས་ཀྱི་བར་བརྗེ་རེས་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ཐེངས་འདིར་ཀོས་ཀྲིག་ཞིང་ཆེན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ་ཆེད་དུ་མཚོ་སྔོན་ནས་ཇའི་ཐོན་ལས་སྐུལ་སྤེལ་མཚམས་སྦྱོར་བྱ་འགུལ་སྤེལ་བར་དོན་སྙིང་གལ་ཆེན་ལྡན། དེ་ནི་ཚོང་རྫས་ཀྱི་བརྗེ་རེས་དང་ཐོན་ལས་ཀྱི་མཉམ་ལས་ཤིག་ཡིན་ལ། དེ་ནི་རིག་གནས་དང་འདང་བརྩེ་འོ་ཆུ་བཞིན་འདྲེས་པར་བྱེད་པའི་རྣམ་པ་ལེགས་པོ་ཞིག་ཀྱང་ཡིན་ཟེར།

ཀྲང་ཞི་མེན་གྱིས་སྐུལ་སྤེལ་མཚམས་སྦྱོར་གྲོས་ཚོགས་སྟེང་ཤིས་ཚིག་འབུལ་སྐབས་བསྟན་དོན། ཀོས་ཀྲིག་ཞིང་ཆེན་གྱིས་མཚོ་སྔོན་ནས་ཇའི་ཐོན་ལས་སྐུལ་སྤེལ་མཚམས་སྦྱོར་བྱ་འགུལ་སྤེལ་བ་དེས། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བོ་ཡོད་པའི་ཇའི་རིག་གནས་ཁོ་ན་ཙམ་འཁྱེར་ཡོང་བ་མ་ཡིན་པར། ཀོས་ཀྲིག་གིས་ཀྲུང་དབྱང་གི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་གསར་གཏོད་བྱེད་པ་བཅས་ཀྱི་ལག་ལེན་དང་ཉམས་མྱོང་ལེགས་པོ་མཚོ་སྔོན་ལ་འཁྱེར་ཡོང་བ་ཡིན་པས། ཞིང་ཆེན་གཉིས་ཀྱི་ཇའི་ཐོན་ལས་ཀྱིས་རིག་གནས་དང་ཁྲོམ་ར། མིང་གྲགས་ཐོན་རྫས། དྲིལ་སྒྲོག་སོགས་ཀྱི་ཕྱོགས་ནས་བརྗེ་རེས་སྟེགས་བུ་སྔར་ལས་ཆེན་པོ་ཞིག་བསྐྲུན་ནས། དབྱངས་རྟ་གཙོ་བོ་དང་དྲང་ཕྱོགས་ཀྱི་ནུས་ཚད་དྲག་པོར་བརྟེན་ཏེ། ས་གནས་གཉིས་ཀྱི་ཇའི་ལས་རིགས་མཐུན་ཚོགས་དང་ཚོང་ལས། ཁེ་ལས་ཀྱི་བརྗེ་རེས་མཉམ་ལས་ལ་ཁོར་ཡུག་ལེགས་པོ་ཞིག་དང་གླེང་ཕྱོགས་ཀྱི་མཁའ་དབུགས་འཛོམས་པོ་ཞིག་བསྐྲུན་མཐར། ཞིང་ཆེན་གཉིས་ཀྱི་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།