མཚོ་སྔོན་རྨ་ལྷོ་ཁུལ་གྱི“རེབ་གོང་སྒྱུ་རྩལ”རྒྱུན་འཛིན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཕྱི་གྲུ་བཞི་དང་ནང་སྒོར་སྒོར་ཡིན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་འདི། ང་ཚོ་དགེ་སྤུན་ཚོས་དཀར་དམར་ལྗང་སེར་སྔོ་བཅས་རྩ་བའི་ཁ་དོག་ལྔ་དང་། དེ་བཞིན་ཡན་ལག་གི་ཁ་དོག་མང་པོའི་རྡུལ་ཚོན་བསྡེབས་ནས་ཉིན་དྲུག་རིང་བཞེངས་དགོས” “རྡུལ་ཚོན་གྱིས་དཀྱིལ་འཁོར་བཞེངས་སྐབས་ལྷགས་པ་ཕྲན་ཙམ་ཡང་ལྡང་མི་ཉན། དེ་ལས་གལ་ཆེ་བ་ཞིག་ནི་སེམས་རྣལ་དུ་ཕབ་ནས་ཞི་བར་གནས་དགོས”ཞེས་མཚོ་སྔོན་ཞིང་ཆེན་རིམ་པའི་རྡུལ་ཚོན་དཀྱིལ་འཁོར་གྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དགེ་འདུན་དར་རྒྱས་ཀྱིས་བརྗོད།

དགེ་འདུན་དར་རྒྱས་ཀྱི་གཅེན་པོ་གནམ་ལྷ་བཀྲ་ཤིས་དང་གཅུང་པོ་རྡོ་རྗེ་གཉིས་ཀྱང་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག”རེབ་གོང་དཀྲུག་པ་ཡིན་ལ། ལོ87ལ་སླེབས་པའི་ཁོང་ཚོའི་ཨ་ཕ་ཡང་ཁྱིམ་རྒྱུད་ཀྱི་ལག་རྩལ་འདིར་ཧ་ཅང་དགའ་པོ་ཡོད། འདི་ནི་གནའ་བོའི་བོད་ཀྱི་པར་འདེབས་ལག་རྩལ་ཞིག་རེད། ཁོང་ཚོས་ཤིང་སྟག་པར་ཡི་གེ་དང་རི་མོ་སྣ་ཚོགས་རྐོ་གི་ཡོད།

“ཁྱིམ་ཚང་ཚང་མར་ལྷ་འབྲི་བ་ཡོད། ཁྱིམ་ཚང་ཚང་མས་ཐང་ག་བཞེངས་ཤེས”ཞེས་པ་དེ་ནི་རེབ་གོང་དམངས་ཁྲོད་དུ་ཐང་གའི་རིག་གནས་དར་རྒྱས་ཆེན་པོ་ཡོད་པའི་བརྗོད་ཚུལ་ཞིག་རེད། ཤ་བོ་བཀྲ་ཤིས་སྤུན་མཆེད་གསུམ་གྱི་ཐང་གའི་ལག་རྩལ་ནི་ཕ་མེས་ཡང་མེས་ནས་རྒྱུན་འཛིན་བྱས་པ་ཞིག་སྟེ། ཁོང་ཚོས་ཆུང་དུས་ནས་སོ་སོའི་ཁྱིམ་དུ་ཐང་ག་འབྲི་བ་དང་། ད་ཆ་ཐང་ག་གླིང་བཙུགས་ནས་སློབ་མ་མང་པོ་བསྡུས་ཡོད། “དྲུག་གཅིག”རིང་། གྲོང་ཁྱེར་གྱི་བྱིས་པའི་ཐང་ག་ཞིབ་སྦྱོང་ཡུལ་སྐོར་ཚོགས་པ་ཞིག་ལ་ཡང་སྣེ་ལེན་ཞུས་པ་རེད།

དམངས་ཁྲོད་ཀྱི“དགེ་རྒན་གྱིས་དགེ་ཕྲུག་སྐྱོང་སྟངས”དང་མི་འདྲ་བར། རེབ་གོང་གི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་གིས་ད་དུང་ཐང་ག་དང་། འཚེམ་དྲུབ། འཇིམ་བཟོ། བཟོ་བཀོད་ཚོན་རིས་སོགས་ཁ་ཕྱོགས་དྲུག་གི་མི་རིགས་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་བཙུགས་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དེ་གའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ་དགུ་བཅུ་ཟིན་གྱི་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རིག་གནས་ཐོན་ལས་ལ་དམ་འཛིན་ཧུར་ཐག་བྱས་ནས་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་དང་། ཀྲུང་གོའི་ལྷ་མོའི་སྒྱུ་རྩལ་གཟའ་འཁོར། འཛམ་གླིང་གི་ཐང་གའི་སྒྱུ་རྩལ་ཚོགས་ཆེན་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་རྣམ་གྲངས35ཇུས་འགོད་བྱས་ཏེ། “ཡུལ་ནུབ་ཀྱི་གནས་མཆོག ཡིད་འོང་བྱིན་ཆགས་ཀྱི་རྨ་ལྷོའི”ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད། ད་ཆ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རིམ་པ་ཁག་གི“མངོན་མིན་རིག་གནས་ཤུལ་བཞག”རྣམ་གྲངས330དང་། དཔེ་སྟོན་དུད་ཚང128 ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ257བཅས་ཡོད་པ་མ་ཟད། རིག་གནས་ཐོན་ལས་ཀྱི་ལས་ཀ་བྱེད་མཁན་ཁྲི3.7ཟིན་ནས། རེབ་གོང་གསེར་མོ་ལྗོངས་ཀྱི་སྒྱུ་རྩལ་རྒྱུན་འཛིན་པའི་དཔུང་ཁག་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།