གནམ་འོག་རྨ་ཆུ་ཁྲི་ཀར་དྭངས། ངོ་མཚར་མཛེས་ལྗོངས་ཡིད་དབང་འཕྲོག

1.jpg

4.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲི་ཀའི་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་ཅིང་ལོ་རྒྱུས་དང་མིའི་རིགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པོ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ཁུལ་ཁོ་ནར་གྱུར་ཡོད། དེའི་མངའ་ཁོངས་ཀྱི་གནམ་གཤིས་ལེགས་ཤིང་ཁོར་ཡུག་མཛེས་ལ། གནས་ཡུལ་འབུར་དུ་ཐོན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མི་རིགས་མཉམ་འདྲེས་བཅས་ཀྱི་གནས་ཤིག་ཡིན་པ་དང་། རྫོང་ནང་ཁུལ་གྱི་རྨ་ཆུའི་རྒྱུག་ཁུལ་སྤྱི་ལེ76.8དང་ལོ་རེར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ7.2ཟིན་ཡོད་པ་དང་། རྫོང་གི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2200ཡིན།

2.jpg

3.jpg

 “གནམ་འོག་རྨ་ཆུ་ཁྲི་ཀར་དྭངས” བ་དང“མཚོ་སྔོན་གྱི་འབྲི་ཆུའི་ལྷོ་རྒྱུད་ཆུང་ངུ”“ལི་ཏུའུ་ཡི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་པའི་ཁྲི་ཀ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི“ཁུལ་བཞི་རྒྱུད་གཉིས་ལམ་ཐིག་གཅིག”དང“བསིལ་གྲོང་བསྐོར་བའི་ཡུལ་སྐོར་ཁུལ”གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། “གཙང་གསུམ་ཆུ་འགོའི”མཐའ་མཚམས་སྒྲོལ་བའི་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་ཞིག་ཀྱང་ཡིན་པས། སྔ་རྗེས་སུ་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་། ཀྲུང་གོའི་ཆེས་ལེགས་པའི་མ་དངུལ་འཇོག་པའི་སྦས་ཤུགས་ལྡན་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་རྫོང་བཅུ། རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད། མིག་སྔར་ཁྲི་ཀ་རྫོང་ནི་རྒྱལ་ཁབ་ཀྱི་སྐོར་གཉིས་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ས་ཁུལ་དུ་གྱུར་ཡོད་པ་རེད།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།