མཚོ་ནུབ་ཀྱི་ཆུ་དང་མཚེའུ་ལ་ཁྱོན་ཡོངས་ནས“དོ་དམ་བྱེད་མཁན་ཡོད་པ”མངོན་དུ་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་ཆུ་དང་མཚེའུ་བདག་ལམ་ལུགས་ལག་ཏུ་བསྟར་ཏེ། བྱ་བའི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་བཙུགས་ནས། ཆུ་བོ་རེ་རེ་དང་། མཚེའུ་རེ་རེ་ལ་དོ་དམ་བྱེད་མཁན་ཡོད་པ། ལྟ་མཁན་ཡོད་པ། ལས་ཀ་ལས་མཁན་ཡོད་པ་ཁག་ཐེག་བྱས་ཏེ། “རགས་བརྟན་པ་དང་། ཆུ་ལོག་རྒྱུག་ལམ་ཡངས་པ། ཆུ་དྭངས་པ། ཆུ་འགྲམ་ལྗང་མདོག་ལྡན་པ། ཡུལ་ལྗོངས་མཛེས་པ”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་།

ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཆུ་དང་མཚེའུའི་སྤྱི་ཁྱབ་ཆུ་བདག་གི་འགན་ཁུར་ཅིང་། ཏང་སྲིད་ཀྱིས་སྣེ་ཁྲིད་དང་། སྡེ་ཁག་མཉམ་འགུལ། གྲོང་ཁྱེར་དང་རྫོང་གིས་ཤུགས་འདོན། མང་ཚོགས་ནང་དུ་ཞུགས་པའི་མཉམ་འཛིན་མཉམ་བདག་གི་འགན་འཁྲི་མུ་འབྲེལ་ཡོད་པ་དང་། རིམ་པ་ཁག་གི་ཆུ་བདག་གིས་ཆུ་ངོས་ཟིན་པ་དང་། ཆུ་ལ་སྐོར་གཡེང་བྱེད་པ། ཆུ་བཅོས་སྐྱོང་བྱེད་པའི་རྒྱུན་ལྡན་རྣམ་པ་གྲུབ། མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་ཁུལ་རིམ་པའི་ཆུ་བདག་དང་མཚེའུའི་བདག10དང་། གྲོང་ཁྱེར(རྫོང་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་།)རིམ་པའི་ཆུ་བདག་དང་མཚེའུ་བདག28དང་། ཞང(གྲོང་རྡལ་དང་སྲང་ལམ།)རིམ་པའི་ཆུ་དང་མཚེའུའི་བདག91དང་། སྡེ་བ་རིམ་པའི་ཆུ་བདག་དང་མཚེའུ་བདག235དོན་འཁྱོལ་བྱས།

ཁྱོན་ཡོངས་ནས་ཆུ་བདག་དང་མཚེའུ་བདག་ལམ་ལུགས་བྱ་བའི་ཇུས་གཞི་གཏན་འབེབས་དང་དཔར་འགྲེམ་བྱས་ཏེ། ཚྭ་མཚོ་དེ་ཆུ་བདག་དང་མཚེའུ་བདག་གི་ལམ་ལུགས་དོ་དམ་ཁྲོད་བཞག་པ་དང་། ཁུལ་རིམ་པའི་གཙོ་གནད་ཆུ་དང་མཚེའུ་ལ“ཆུ(མཚོ)གཅིག་ལ་སྲིད་ཇུས་གཅིག”གི་ལག་བསྟར་ཇུས་གཞི་བཟོས་ཤིང་ལེགས་པར་གྲུབ་སྟེ། ཆུ་བདག་དང་མཚེའུ་བདག་གི་ལམ་ལུགས་བརྡ་འཕྲིན་དོ་དམ་སྟེགས་བུ་བསྐྲུན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།