དྲག་ཆས་ཉེན་རྟོག་ཡུས་ཧྲུའུ་ཡན་ལག་རུ་ཁག་གིས་དཔེ་ཀློག་བརྒྱུད་དེ་གསར་བརྗེའི་དད་སེམས་ཇེ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔོན་དམག་གི་བསམ་བློའི་རྨང་གཞི་སྔར་བས་ཇེ་བརྟན་དང་། དམག་འཐབ་ཀྱི་སྙིང་སྟོབས་དང་འགན་འཁྲིའི་འདུ་ཤེས་གཏིང་ཇེ་ཟབ་དུ་གཏོང་ཆེད། ཉེ་ཆར་དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡན་ལག་རུ་ཁག་གིས་གཟའ་མཇུག་གི་དུས་ཚོད་བེད་སྤྱད་དེ་དཔེ་ཀློག་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་ཞིང“སེམས་ཁམས་དབྱང་རླུང” གི་ཁོར་ཡུག་བསྐྲུན་ཞིང་། དཔོན་དམག་གི་རོལ་རྩེད་བྱ་འགུལ་ཕུན་སུམ་ཚོགས་པར་གཏོང་བ་དང་ཆབས་ཅིག་ཏུ་དཔོན་དམག་དག་ལ་སློབ་གཉེར་ཡར་བརྩོན་དང་སློབ་སྦྱོང་བྱས་ནས་ཤེས་ལྡན་མི་སྣར་འགྱུར་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པ་རེད། 

བརྗོད་དོན་སློབ་གསོའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་བསྟུན་ནས་དྲག་ཆས་ཉེན་རྟོག་ཡུས་ཧྲུའུ་ཡན་ལག་རུ་ཁག་གིས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ”དེ་གཙོ་བོར་བཟུང་སྟེ། “གསར་བརྗེའི་རིག་གནས་སློབ་སྦྱོང་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན”བྱ་འགུལ་གཏིང་ཟབ་པའི་ངང་སྤེལ་བ་དང་། གསར་བརྗེའི་དཔེ་དེབ་ཀློག་པ་དང་གསར་བརྗེའི་གཏམ་རྒྱུད་བཤད་པ། གསར་བརྗེའི་རྒྱུན་འཛིན་མཁན་དུ་བསྒྱུར་བ་བཅས་ཀྱི་ཐད་ནས་དཔེ་ཀློག་ཁྲོད་གནས་ལུགས་རྟོགས་ཤིང་། སློབ་སྦྱོང་ཁྲོད་སེམས་ཤུགས་འཕེལ་ཏེ་རང་གི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་པ་རེད།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།