ཀྲང་ཞི་མེན་གྱིས་བསམ་བློ་རིག་གནས་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་དང་རྟོག་ཞིབ་ཀྱི་གྲུབ་འབྲས་ལ་ཟུང་འབྲེལ་བྱས་ནས། བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། བར་ཁྱད་བཙལ་བ། དོན་འཁྱོལ་བྱེད་པ། རང་ཉིད་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་བའི་བསམ་བློ་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་བསྐྲུན་པ་བརྗོད་སྙིང་དུ་བྱས་ཏེ། བསམ་བློ་རིག་གནས་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཀྲང་ཞི་མེན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་ལ་དོ་སྣང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་སྒྲོག་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་པ། བསམ་བློ་བྱ་བའི་གནས་ཚུལ་དངོས་དང་འབྲེལ་འདྲིས་བྱས་ནས། བསམ་བློ་དྲིལ་སྒྲོག་བྱ་བ་ནི་ཏང་གི་བྱ་བ་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོན་གྱི་བསམ་བློར་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་སྣེ་ཁྲིད་ནུས་པ། སྤྱི་རྟོན་ནུས་པ། ཤན་ཤུགས་བཅས་མཐོར་འདེགས་གཏོང་བ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཕྲག་ཏུ་ཁུར་བའི་དུས་རབས་ཀྱི་མི་གསར་སྐྱེད་སྲིང་བྱེད་པ། རིག་གནས་ཀྱི་གསར་གཏོད་གསར་སྐྲུན་གསོན་ཤུགས་ཆེར་བསྐྱེད་པ། དྭངས་གཙང་གི་དྲ་རྒྱའི་བར་སྟོང་བསྐྲུན་པ། དྲང་བདེན་དང་ཁྱོན་ཡོངས་ཀྱི་ཀྲུང་གོ་འགྲེམ་སྟོན་བྱེད་པ་སོགས་ཕྱོགས་ནས། གནས་བབ་གསར་བའི་འོག་གི་ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན། གནད་དོན་དང་དཀའ་ཁག བསམ་ཕྱོགས་དང་བྱེད་ཐབས་བཅས་གསལ་བཤད་གསལ་བོ་བྱས།

ཀྲང་ཞི་མེན་གྱིས། བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩི་བ་དང་། མ་རྩོམ་དང་མ་ཡིག་ཀློག་ནས་རྩ་བའི་རིགས་པར་རྒྱུས་ལོན་བྱས་ཏེ། སློབ་སྦྱོང་དང་རྒྱུས་ལོན། བཀོལ་སྤྱོད་བཟང་བོ་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཁྲིད་ཕྱོགས་གསལ་བོ་དང་རང་ཉིད་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། བསམ་བློའི་སྟེང་དང་སྤྱོད་ཚུལ་སྟེང་གི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་མེད་པར་བཟོ་བ། བྱ་བའི་ཁྲོད་ཀྱི་ཞན་ཆ་ཡོ་བསྲང་དང་མི་འདང་སར་ཁ་གསབ་བྱེད་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་བློ་དཀར་བ། ཁག་ཁུར་ཡོད་པར་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་བྱ་བ་དངོས་ཀྱི་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། བསམ་བློ་མཐོར་འདེགས་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བ། བྱ་བའི་གྲུབ་འབྲས་གསར་བས་ཏང་དང་མི་དམངས་ལ་རྒྱུགས་ལན་བཟང་བོ་ཞིག་སྤྲོད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།