མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་བྱ་བའི་སྤྱི་སྡོམ་བརྗེ་རེས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་གཞི་རིམ་དམངས་འཐུས་ཚོགས་ཆེན་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ་དང་། བརྗེ་རེས་ལ་ཤུགས་སྣོན་པ། མཉམ་འབྲེལ་སྒོས་དུས་རབས་གསར་བའི་དམངས་འཐུས་ཚོགས་ཆེན་བྱ་བའི་སྤྱི་ཁོག་གི་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི2019ལོའི་ལོ་སྟོད་ཀྱི་བྱ་བའི་སྤྱི་སྡོམ་བརྗེ་རེས་གྲོས་ཚོགས་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་དང་ལོ་སྨད་ཀྱི་ལས་འགན་གཙོ་བོ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོ། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཀྲུའུ་རིན་གཞོན་པས་གདེང་འཇོག་བྱས།

ཀྲང་ཀོང་རོང་གིས་བསྟན་དོན། ལོ་སྟོད་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་སྟོད་ལ་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་ལ་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱས་པས། གྲུབ་འབྲས་མངོན་གསལ་བླངས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་བར་དུ་བསམ་བཀོད་གཅིག་གི་བསམ་བློ་འཛུགས་པ་དང་། བྱ་བའི་གཅིག་གྱུར་རང་བཞིན་དང་མ་ལག་རང་བཞིན་ཇེ་དྲག་ཏུ་གཏོང་བ། ལམ་བུ་རྒྱ་བསྐྱེད་པ་དང་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། བསམ་བློའི་ངོས་ཟིན་སྔར་ལས་གཅིག་གྱུར་བྱེད་པ་དང་དམིགས་འབེན་གྱི་ཁ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་སྔར་ལས་བཟང་བོར་སྤེལ་ནས། གཞོགས་འདེགས་མདུན་སྐྱོད་ཀྱི་རྣམ་པ་གྲུབ་པར་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་མུ་མཐུད་དུ་ཆབ་སྲིད་ཀྱི་གཅིག་གྱུར་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ཆོས་ཞིབ་ཕྲའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། བྱེད་ཐབས་གཉིས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཞང་དང་གྲོང་རྡལ་གྱི་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་བརྟན་བརླིང་ངང་སྤེལ་བ། བཅོས་སྒྱུར་གསར་གཏོད་བྱ་བ་ཤུགས་ཡོད་པའི་སྒོ་ནས་སྤེལ་བ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། ལོ་སྨད་གྱི་བྱ་བའི་ཐད་ནས་གཙོ་གནད་གཅིག་དང་འཆར་གཞི་གཉིས་ལ་དམིགས་ཏེ། ཞན་ཆར་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། ལག་བསྟར་དམ་འཛིན་བྱས་ནས་གྲུབ་འབྲས་ལེན་པ། བརྗོད་དོན་སློབ་གསོ་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ། བྱ་བའི་ལས་འགན་གཙོ་བོ་དམ་འཛིན་བྱེད་པ། སྔ་མོ་ནས་སང་ལོའི་བྱ་བར་འཆར་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་ལས་གཞི་ལ་འཆར་འགོད་བྱེད་པ་དང་། ཁྱད་ཆོས་རང་བཞིན་གྱི་བྱ་བ་དམ་འཛིན་བྱེད་པ། ཤན་ཤུགས་ལྡན་པའི་གཙོ་གནད་འགའ་འབུར་དུ་ཐོན་པར་བྱེད་པ། སྤུས་ཚད་ལྡན་པའི་གྲུབ་འབྲས་འགའ་བླངས་ཏེ། དུས་བཅད་ལྟར་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། ཏང་དང་མི་དམངས་ལ་རྒྱུགས་ལན་བཟང་བོ་ཞིག་སྤྲོད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།