སྐབས་བཅོ་བརྒྱད་པའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་འགོ་རྩོམ་ལ་ཉེ།

010.jpg

པར་འདི་ནི་རྐང་འཁོར་གཏོང་མཁན་གྱིས་འགྲན་ཞུགས་པས་རྐང་འཁོར་སྙོམས་སྒྲིག་བྱེད་བཞིན་པའི་ཚུལ་རེད། འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ལིན་ཡན་གྱིས་པར་བླངས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7པའི་ཚེས་11ཉིན་གསར་འགོད་པས་2019ལོའི་སྐབས་བཅོ་བརྒྱད་པའི་མཚོ་སྔོན་པོ་རསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་རྐང་འཁོར་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་དང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་ཁག་གིས་ཧུར་ཐག་གིས་ཐེངས་འདིའི་མཚོ་སྔོན་པོ་བསྐོར་བའི་རྐང་འཁོར་འགྲན་བསྡུར་རྒྱལ་ཁའི་ངང་སྤེལ་བར་རོགས་འདེགས་དང་འགན་ལེན་གང་ལེགས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།