མིན་ཡོན་རྫོང་གི་གསེར་ལྡན་དུས་ཚིགས།

1764483_359629.jpg

1764485_998119.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་མིན་ཡོན་ནི་གསེར་མདོག་གི་རྒྱ་མཚོ་ཞིག་དང་མཚུངས་ཤིང་། ཏ་པན་རི་བོའི་སྟེང་ལངས་ཏེ་མུན་ཡོན་རྫོང་དུ་རྒྱང་བལྟ་བྱས་པའི་ཚེ་ན། མུ་མཐའ་མེད་པའི་གསེར་མདོག་གི་པད་ཁའི་ཞིང་ཁ་དང་བརྗིད་ཆགས་པའི་གངས་དཀར་ཕན་ཚུན་འོད་མདངས་བཀྲ་བས་དེ་གར་ཡུལ་སྐོར་བ་མང་པོས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་ཡོད། མིན་ཡོན་གྱི་པད་ཁའི་མེ་ཏོག་གི་རྒྱ་ཁྱོན་མུའུ་ཁྲི60ཟིན་པ་དང་ལོ་རེའི་ཟླ7པར་སྤྱི་ལེ་བཅུ་ཕྲག་ཁ་ཤས་སུ་པད་ཁའི་མེ་ཏོག་བཞད་པས་སྐད་གྲགས་ཡོངས་སུ་ཁྱབ་ཡོད་ཅིང་། དེ་ནི་ནུབ་བྱང་ས་ཁུལ་གྱི་པད་ཁ་ཐོན་ཁུལ་གཙོ་བོ་ཡིན་ལ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཁྲོད་ཆེས་མཛེས་པའི་མིང་བྱང་ཞིག་ཏུའང་གྱུར་ཡོད།

1764484_590864.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།