ཝང་ཡུས་ཡན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཐོག་མའི་སེམས་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཛིན་ཞེས་པ་བརྗོད་གཞི་ཡིན་པའི་ཆེད་བསྒྲིགས་སློབ་གསོར་རྟོག་ཞིབ་བྱས་པ་དང་།  ཆེད་དོན་བཅོས་སྒྲིག་གི་ཞིབ་བཤེར་བྱེད་ཞོར་དང་ལས་ཞོར་བྱེད་པའི་བྱ་བར་ལྟ་སྐུལ་གནང་།  གཞི་རིམ་ཏང་ཡོན་མང་ཚོགས་ཀྱིས་བརྗོད་གཞི་སློབ་གསོ་དང་རྩ་འཛུགས་བྱ་བར་བཏོན་པའི་བསམ་ཚུལ་ལ་ཉན།

ཝང་ཡུས་ཡན་སྔ་གཞུག་ཏུ་གཅན་ཚ་རྫོང་ཁང་གཡང་གྲོང་བརྡལ་སྡེ་བ་གོང་མ་དང་སྣང་ར་ཞང་བདེ་སྐྱིད་སྡེ་བ།  ཐུན་རིན་རྫོང་གཉེན་ཐོག་ཞང་ཤྭ་བྲང་སྡེ་བ།    ཆུ་ཁོག་ཞང་འདོ་བ་སྡེ་བ་བཅས་ལ་སོང་ནས་ནན་ཏན་གྱིས་སྐུལ་འདེད་གཏོང་བཞིན་པའི་བྱ་བའི་སྒྲུབ་སྟངས་སོགས་ལ་ཁས་ལེན་གང་ལེགས་བྱས།

ཝང་ཡུས་ཡན་གྱིས་བསྟན་དོན།  མིག་སྔར་ཞིང་ཆེན་ཡོངས་ནས་སྐོར་ཁག་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོ་སྤེལ་བའི་དུས་ཡིན།  རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྩ་འཛུགས་སྡེ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ལག་བསྟར་བྱེད་དགོས་པ་བཞི་ནན་ཏན་དངོས་འབེབས་བྱས་ནས།  སློབ་སྦྱོང་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་བྱེད་པའི་ལས་དོན་གཏིང་ཟབ་དུ་སྤེལ་དགོས།

བྱ་བའི་ཁ་ཕྱོགས་བརྟན་པོ་ཞིག་བཟུང་ནས།  བཅོས་སྒྲིག་དངོས་འབེབས་ཀྱི་དོན་དངོས་འགུལ་སྐྱོད་སྤེལ་ནས་འབྲས་བུ་མངོན་གསལ་ལེན་དགོས།  སྔོན་ལ་འཆར་གཞི་དང་གྲ་སྒྲིག་གང་ལེགས་བྱས་ནས།  བརྗོད་གཞི་སློབ་གསོ་སྐོར་ཁག་གཉིས་པ་སྤེལ་བའི་ལས་ཁུངས་ཀྱིས་བཀོད་སྒྲིག་ཡོད་པ་བྱེད་དགོས།  སློབ་དགོས་པ་སྔོན་ལ་སློབ་པ་དང་སྔོན་ལ་བསྒྱུར་བཅོས་བཏང་ནས་བརྗོད་གཞི་སློབ་གསོས་སྔོག་དཔག་གི་ཕན་འབྲས་ལོན་པར་འབད་པ་ལྷོད་མེད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།