ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་ཡར་སྐུལ་ཚོགས་འདུ་ཟི་ལིང་ནས་ཚོགས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་ཡར་སྐུལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་དང་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པར་རོགས་འདེགས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མཉམ་དུ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱིས་སྔར་ལས་ལེགས་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཧའོ་ཕིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གཉིས་ཀྱིས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཤིས་ཚིག་ཕུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཧོང་པེན་གྱིས་འགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཕིན་ཧྭ་ཀང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་ཧའོ་ཕིན་གྱིས་ཉེ་བའི་ལོ་འགའི་རིང་ལ་ཀྲུང་དབྱང་ཁེ་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་དམིགས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་བྱ་བའི་ཐད་ནས་བླངས་བའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས། ཁོས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྒྱུན་མཐུད་སྒོས་སྲིད་ཇུས་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་རྩ་འཛུགས་འགོ་ཁྲིད་དང་རིགས་བགར་དཔྱད་ཞིབ་ལ་ཤུགས་སྣོན་ཞིང་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་དང་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་བ་དང་། གཅིག་གྱུར་སྒོས་མཐུན་སྦྱོར་དང་རྩ་འཛུགས་ཀྱི་སྐུལ་འདེད་ལག་བསྟར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་སྟོབས་ཤུགས་མཉམ་དུ་གཅིག་སྡུད་བྱེད་ངེས་ཡིན་ཟེར།

ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དབུལ་ཐར་མཁྲེགས་གཏོར་དང་ཁ་གཏད་རོགས་སྐྱོར། ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་བརྗོད་དོན་གཙོ་བོ་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བས། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་ཐུགས་ཁུར་གནང་བའི་མྱོང་ཚོར་ཟབ་མོ་སྐྱེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་དྲོད་ཁོལ་སྐྱེལ་བའི་ཚོར་སྣང་ཡོད་ལ། ཀྲུང་དབྱང་གི་ཁེ་ལས་སོ་སོས་མཚོ་སྔོན་ལ་བརྩེ་སེམས་བཅངས་པ་གསལ་བོར་མཚོན་པ་དང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་མཚོ་སྔོན་ལ་བྱས་རྗེས་བཞག་པ་ཉམས་སུ་མྱངས་པ་དེ་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཟེར།

ལིག་ཉིང་གིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་དང་དམ་པོར་སྦྲེལ་བ་དང་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་ཏེ། ལས་གཞི་དང་མ་དངུལ། ཐོན་ལས། ཤེས་ལྡན་མི་སྣ་སོགས་ཕྱོགས་ནས་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས། ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རྣམས་མཚོ་སྔོན་གྱི་ལས་དོན་ཁྲོད་དུ་ཞུགས་པ་དང་མཚོ་སྔོན་སྒྱུར་བཅོས་བྱས་པ། མཚོ་སྔོན་འཛུགས་སྐྲུན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གནང་བའི་ཐུགས་ཁུར་དང་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་དེ་མི་དམངས་མང་ཚོགས་ལ་ཉམས་སུ་མྱོང་དུ་བཅུག དེང་སྐབས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། འབད་བརྩོན་ལྷོད་མེད་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བཏང་བ་དང་། ཧུར་ཐག་སྒོས་སྐྱེ་ཁམས་ལ་གཙིགས་འཛིན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

ཚོགས་འདུ་མ་ཚོགས་པའི་སྔོན་ལ། ཚོགས་ཞུགས་མི་སྣས་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་འགྲེམ་སྤེལ་ལ་ལྟ་ཞིབ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཐིན་དང་ཅུའུ་ཡི་འགན་འཁུར་བློ་མཐུན་དང་མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་གྱི་འགན་འཁུར་བ་དང་གཏན་འཁེལ་བྱས་པའི་དབུལ་སྐྱོར་ལས་འགན། ཡན་ལག་སྒྲིག་གཞི་བཙུགས་པའི་ཀྲུང་དབྱང་ཁེ་ལས་ཞེ་བརྒྱད་ཀྱི་འགན་འཁུར་བ་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།