མཱ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མཱ་ཧེ་དབྱིན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ། མཚོ་སྔོན་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་གིས་ཡུལ་དངོས་ནས་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་མའི་ལས་ཞུགས་བཀོད་འདོམས་ལྟེ་གནས་དང་གསར་གཏོད་ལས་སྐྲུན་སློབ་གླིང་། སློབ་ཆེན་སློབ་མའི་ལས་སྐྲུན་གསར་གཏོད་ལྟེ་གནས་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་ནས། དེ་འབྲེལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་འཐུས་མི་དང་སློབ་ཆེན་སློབ་མའི་འཐུས་མི། ཁེ་ལས་པའི་འཐུས་མི། སྲིད་གཞུང་གི་དོ་དོམ་ཞབས་ཞུ་མི་སྣ་བཅས་ཀྱི་བསམ་འཆར་ལ་ཉན་པར་མ་ཟད། སློབ་ཆེན་སློབ་མའི་ལས་སྐྲུན་གྱི་རྩ་བའི་གནས་ཚུལ་དང་གནས་པའི་གནད་དོན་དང་དཀའ་གནད་ལ་རྒྱུས་ལོན་ཞིབ་མོ་བྱས། མཱ་ཧེ་དབྱིན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། འབྲེལ་ཡོད་སྡེ་ཁག་སོ་སོས་རང་འགུལ་ངང་འགན་གཙང་ལེན་དང་བྱེད་ཐབས་སྣ་མང་སྤྱད་དེ། སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡོངས་ཀྱི་ལས་ཞུགས་བྱ་བའི་རྣམ་པ་ཅུང་ཇེ་ལེགས་སུ་འཕེལ་བཞིན་ཡོད་པར་མ་ཟད། སློབ་ཆེན་པའི་ལས་ཞུགས་བྱ་བའང་དེ་བསྟུན་འཕེལ་རྒྱས་འགྲོ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།