མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གཞི་རིམ་དུ་སོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་སོགས་སོ་སོར་ཏུའུ་ལན་དང་རྐང་ཚ། རྫ་སྟོད། རྨ་སྟོད། ཟི་ལིང་། ལི་ཏུའུ། ཐུན་ཏེ་སོགས་ས་ཆའི་ཞང་སྡེ་དང་སྡོད་ཁུལ། སྡོད་དམངས་ཀྱི་ཁྱིམ་ཚང་། སློབ་གྲྭ་དང་སྨན་ཁང་། ཁེ་ལས་ཀྱི་འཁོར་ཁང་། ཆོས་ལུགས་དགོན་སྡེ་སོགས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ལས་རིགས་མི་འདྲ་བ་དང་མི་སྣ་མི་འདྲ་བར་ཁ་གཏད་དེ། ཕྱོགས་ངོས་མི་འདྲ་བ་དང་བརྗོད་སྙིང་མི་འདྲ་བ་འབུར་ཐོན་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་པས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གཙོ་བོར་བརྩིས་ནས། མྱུར་དུ་ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། སློབ་སྦྱོང་ནན་མོ་བྱེད་པ་དང་རྒྱུས་ལོན་ཡང་དག་བྱེད་པ། ལག་བསྟར་བཟང་བོ་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོ་དང་སྤྱོད་ཚུལ་བཟང་བོར་བརྟེན་ནས། སློབ་སྦྱོང་དང་དྲིལ་སྒྲོག་བྱ་བར་རྩ་འཛུགས་བཟང་བོ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་གོ་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་པས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཆབ་སྲིད་དང་གཞུང་ལུགས། ལག་ལེན་ཐད་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་པ་དང་། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཏང་གི་སྒྲིག་ཡིག་ནང་འབྲི་རྒྱུ་ཡིན་པ་མ་ཟད། དེ་ང་ཚོའི་ཏང་གི་མཛུབ་སྟོན་བསམ་བློར་གཏན་ཁེལ་བྱས་ཏེ། ཏང་གི་མཛུབ་སྟོན་བསམ་བློ་ཐད་ཀྱི་བབ་བསྟུན་མདུན་བསྐྱོད་མངོན་འགྱུར་བྱས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་པས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་མྱུར་དུ་སྤེལ་བའི་ཐད་ཀྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཕྱོགས་བསྡུས་སྒོས་སྲིད་ཇུས་དོན་འཁྱོལ་བྱེད་པ། སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་རོགས་སྐྱོར་སོགས་ཐད་ཀྱི་དབུལ་སྐྱོར་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས། མང་ཚོགས་དབུལ་བོར་མི་འགྱུར་བར་ཁག་ཐེག་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྟེང་ཤུགས་འདོན་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་བླངས་ཏེ། 2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་པས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་སོ་སོའི་བར་དུ་མཐུན་སྒྲིལ་བཟང་བོ་ཡོང་བར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་དང་དམངས་ཚིས་ལེགས་བསྒྱུར། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན། དབུལ་ཐར་མཁྲེགས་གཏོར་སོགས་བྱ་བ་སྣ་ཚོགས་དང་ཟུང་འབྲེལ་དམ་པོ་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།