མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཀྲོའུ་ཡི་གནམ་ཐང་ཨང་གསུམ་པ་སྟེ་གེ་སར་གནམ་གྲུ་ཐང་དུ་ཕྱི་ལོ་གནམ་གྲུ་ཤར་གཏོང་ཐུབ་རེ་ཡོད་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-15 12:03

    ཐེན་ཕུའུ་ཞོགས་པའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།ཉིན་ཤས་གོང་སི་ཁྲོན་དཀར་མཛེས་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་དང་ངོ་སྤྲོད་འོས་སྦྱོར་ཚོགས་འདུ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འཚོགས་ཤིང་།ད་ཐེངས་ཀྱི་བྱེད་སྒོ་ནི“རྒྱལ་ཡོངས་མི་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་ཏེ།ལྷད་མེད་དྭངས་གཙང་གི་དཀར་མཛེས·པེ་ཅིང་ཕྱོགས་སུ་སྐྱོད·སི་ཁྲོན་དཀར་མཛེས་བོད་རིགས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར”གྱི་རིམ་སྤེལ་བྱེད་སྒོའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན།ལོ་གསུམ་ནང་དཀར་མཛེས་ཀྲོའུ་ཡིས་གངས་དཀར་རི་བོ་སྐོར་བ་དང་།ཉི་རྟེན་སྐོར་བ།ཁམས་ཀྱི་བྱང་རྒྱུད་བཅས་ཡུལ་སྐོར་ལམ་ཐིག་རྩེ་གྲ་གསུམ་སྔོན་ལ་གཏོད་རྒྱུ་དང་གེ་སར་གནམ་ཐང་དུ་ཕྱི་ལོའི་ལོ་སྨད་དུ་གནམ་གྲུ་ཤར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    དཀར་མཛེས་ཀྲོའུ་ཡི“ལོ་གསུམ་གྱི་འགྲིམ་འགྲུལ་འགག་སྒྲོལ”ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་དཀར་མཛེས་ཀྲོའུ་ཡི་འགྲིམ་འགྲུལ་ནུས་པ་སྔར་བས་ཆེ་རུ་ཕྱིན་ཞིང་།མཁའ་འགྲུལ་ཐད་མིག་སྔར་དར་རྩེ་མདོ་གནམ་ཐང་དང་འདབ་པ་གནམ་ཐང་གཉིས་ཡོད་པ་དང་།དར་རྩེ་མདོ་གནམ་ཐང་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་མཁའ་འགྲུལ་ལམ་ཐིག་གཉིས་ཤར་གཏོང་ཐུབ་ཡོད།འདབ་པ་གནམ་ཐང་ནས་ཁྲེང་ཏུའུ་བར་གྱི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་ཐུབ་པ་དང་།ཁྲུང་ཆིང་ནས་དར་རྩེ་མདོ་དང་འདབ་པ་བར་གྱི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་ཐུབ་ཉེར་ཡོད།གོམ་སྟབས་རྗེས་མར་ཧྲང་ཧའེ་དང་།ཤིས་ཨན།ཁུན་མིང་།ཀོང་ཀྲོའུ་སོཌ་བར་གྱི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག