ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བ12པའི་ཚེས1ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་བཅུ་བཞི་པའི་ཚོགས་གཙོ་རྒྱས་འཛོམས་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།  ཚོགས་ཐོག་སྐབས་དོན་གྱི་ཆབ་སྲིད་སློབ་སྦྱོང་བྱས་ཤིང་རྫོང་སོ་སོའི་ཚོགས་གཙོས་ལས་ཀའི་སྙན་སེང་ཞུས་པ་དང་། རྫོང་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱིས་ལྔ་གཉིས་གསུམ་གྱི་སྒྲིག་སྲོལ་ལམ་ལུགས་འཛུགས་སྟངས་སྐོར་དང་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམས་རྔ་བ་ཁུལ་དུ་ལྟ་སྐོར་སློབ་སྦྱོང་བྱས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཐེངས་བདུན་པའི་མཁས་པའི་གྲོས་ཚོགས་ཀྱི་ནང་དོན་དང་གྲོས་རིམ་ལ་གྲོས་མོལ་བྱས་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཆོས་དོན་ཨུ་ཡོན་ལྷན་ཁང་དང་ནང་བསྟན་ཤེས་ཡོན་གོ་རྟགས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ལས་དོན་འཆར་འགོད། གྲྭ་བཙུན་གྱི་ཐོབ་ཐང་ངོས་འཛིན་འགོ་ཁྲིད་ཚོ་ཆུང་དང་ནང་བསྟན་གྱི་དགོངས་དོན་དང་འདུལ་ཁྲིམས་ལྟ་ཞིབ་ཚོ་ཆུང་། ནང་བསྟན་མཐུན་ཚོགས་ཁྱབ་ཁོངས་ཀྱི་རྒྱུགས་སྤྲད་འགོ་ཁྲིད་ཚོ་ཆུང་གི་ལས་ཀའི་འཆར་འགོད། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་གྲྭ་བཙུན་གྱི་ཁྲིམས་སྦྱོང་ཁྲིམས་སྤྱོད་ལམ་ལུགས་དང་འདུལ་ཁྲིམས་སློབ་སྦྱོང་ལམ་ལུགས། རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་གི་དཔྱད་བསྡུར་ལམ་ལུགས་བཅས་ལ་གྲོས་ཞིབ་དང་དག་བཅོས་བྱས་པར་མ་ཟད། ཁུལ་ནང་བསྟན་ལས་རིགས་ཁག་གིས་གནད་སྨིན་དབུལ་སྐྱོར་ལ་ཞབས་ཞུ་ཇི་ལྟར་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་ཤིང་སྤྲུལ་སྐུའི་ཡང་སྲིད་གསོ་སྐྱོང་དང་སློབ་གསོ་བདག་གཉེར། དཔེ་ཁྲིད་དགེ་རྒན་དཔྱད་འདེམས་གདན་ཞུ། ནང་བསྟན་རིག་གནས་ཞིབ་འཇུག་ལྟེ་གནས་འཛུགས་པ་སོགས་ཀྱི་སྐོར་ལ་ཡང་གྲོས་བསྡུར་བྱས་པ་རེད།  ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཡན་གྱི་མི་སྣ་དང་རྫོང་དང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་ཆེན་པོ་བཅས་བསྡོམས་པས་མི་སྣ46ཚོགས་འདུར་ཞུགས་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན་ཕྱིན་ཆད་ཉིན་ཁ་ཤས་ཀྱི་ནང་དུ་ད་དུང་ཐེངས་བདུན་པའི་མཁས་པའི་གྲོས་ཚོགས་དང་ཐེངས་ལྔ་པའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་འཚོག་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།