ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ12པའི་ཚེས6ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་ལ་ཕེབས་ནས་ལས་སྒོའི་འཕེལ་རྒྱས་དང་གསར་འགྱུར་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྐོར་བརྟག་ཞིབ་གནང་བ་རེད། ཁོང་གིས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏང་དགོས་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་གླེང་ཕྱོགས་ཁྲིད་སྟོན་དང་བརྗོད་བྱ་གཙོ་བོ། དྲང་ནུས་དྲིལ་བསྒྲགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་གསར་པ་སྐྲུན་ཐུབ་པར་སླར་ཡང་བྱས་རྗེས་གཞག་དགོས་ཞེས་གསུངས་པ་རེད།  ཡེ་ཤེས་ཟླ་བས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་ཀྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས། ཕྱི་ཕྱོགས་དྲིལ་བསྒྲགས་གཏང་རྒྱུ་བཅས་ཀྱི་ཐད་ལ་ཧུར་ཐག་གིས་བྱས་རྗེས་བཞག་ནས་བྱ་གཞག་སྔར་ལས་ལྷག་པར་འཕེལ་རྒྱས་བྱུང་ཡོད།

ཡེ་ཤེས་ཟླ་བས་རྩོམ་སྒྲིག་མི་སྣ་ཡོངས་ཀྱིས་སློབ་སྦྱོང་བྱེད་དུས་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ཏེ། ལས་སྒོའི་བྱང་ཚད་དང་སྒྲིག་ལམ་གྱི་འདུ་ཤེས་ལ་ཤུགས་སྣོན་དང་། ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གསར་འགྱུར་པའི་དཔུང་ཁག་དེ་ཆབ་སྲིད་ཀྱི་བསམ་པ་ཆེ་བ་དང་། ལས་སྒོའི་བྱང་ཚད་མཐོ་བ། ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་བ་བཅས་ཀྱི་ཕུལ་བྱང་གི་གསར་འགྱུར་པའི་དཔུང་ཁག་བསྐྲུན་དགོས་པའི་ནན་གསུང་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།