ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་དང་ཤང་སྡེ་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད་གལ་ཆེན་གྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་པ་བྱེད་ཆེད། རང་ཁུལ་གྱིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་བྱས་ཤིང་། ལོ་འཁོར་བགོས་ནས་རེས་སྐོར་ཏེ་སྤྱི་ཁུལ་གྱི་ཡུལ་དངོས་ཚོགས་འདུ་འཚོགས་པའི་བྱེད་སྟངས་བླངས་ཏེ་ཉམས་མྱོང་སྤེལ་རེས་དང་ཕྱོགས་བསྡོམས་བྱས་ཤིང་། དག་བཅོས་དང་མཐོར་འདེགས་གཏང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་ཁུལ་ཡོངས་ཀྱི་གྲོང་ཁུལ་དང་གྲོང་སྡེའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ་རེད། ཟླ་བ11པའི་ཚེས19ཉིན་ལ་འདབ་པ་རྫོང་དུ་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་གཏང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་པའི་ལྷོ་རྒྱུད་སྤྱི་ཁུལ་གྱི་ཡུལ་དངོས་གྲོས་ཚོགས་འཚོགས་རྗེས་ཟླ་བ12པའི་ཚེས7ཉིན་རང་ཁུལ་ཤར་རྒྱུད་སྤྱི་ཁུལ་གྱི་ཡུལ་དངོས་ཚོགས་འདུ་བརྒྱད་ཟིལ་རྫོང་དུ་འཚོགས་པ་རེད། དེའི་དམིགས་ཡུལ་ནི་ལས་ཡུལ་དངོས་སུ་ལྟ་སྦྱོང་དང་ཉམས་མྱོང་སྦྱོང་བ། གནད་དོན་གནད་སྨིན་འཚོལ་བ། དམིགས་འབེན་གསལ་པོ་བཅས་བྱས་པར་བརྒྱུད་རང་ཁུལ་ཤར་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར་ཁག་གིས་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་ཏུ་གཏང་རྒྱུའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བའི་ཆེད་དུ་རེད།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་གྲོས་ཚོགས་ནང་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་དབྱང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།  ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་ཏུ་གཏོང་བའི་མཐར་ཐུག་གི་ཕན་འབྲས་ནི་གྲོང་ཁུལ་དང་ཤང་སྡེ། གྲོང་སྡེ་བཅས་རིམ་གྲས་གསུམ་གྱི་ཐོག་ནས་མཚོན་ཐུབ་དགོས། རྫོང་དང་གྲོང་ཁྱེར་ཁག་གིས་བྱ་སྤྱོད་མྱུར་སྤེལ་བྱས་ཏེ་ཐོན་ཁུངས་སྡེབ་སྒྲིག་དང་ནུས་ཤུགས་གཅིག་སྡུད། གནད་སྨིན་ཤུགས་འདོན་བཅས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་བསམ་ཕྱོགས་དང་བྱ་ཐབས་ཇུས་འགོད་བྱ་དགོས། གཞན་ཡང་རྫོང་གི་གནས་ཚུལ་དང་ཟུང་འབྲེལ་ཏེ་ལས་ཀའི་དམིགས་འབེན་དང་ལག་བསྟར་འཆར་གཞི་བཟོ་འགོད་བྱས་ནས་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་ལས་ཀའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན། སྐུལ་སྤེལ་བྱེད་ཐབས་སོགས་འདོན་ཐུབ་དགོས། རྟིང་མར་ཁོང་གིས་ལས་ཀར་འགན་སྲུང་བྱ་རྒྱུར་ཤུགས་བསྣན་ཏེ་ནུས་ཤུགས་ཡོད་རྒུས་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་གཏོང་བའི་འཐབ་ཇུས་གི་ལས་འགན་ཁག་དོན་ཐོག་འཁྱོལ་བ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།  ལི་ཁང་དང་ཝང་དབྱང་གིས་གྲོང་ཁུལ་དང་ཤང་སྡེ་ཇེ་ཡག་གཏང་རྒྱུའི་སྐོར་ལ་གསུང་བཤད་གནང་བ་རེད།  ཀྲང་ཡུང་ཏེ་ཡིས་ཁུལ་ཡོངས་ཀྱི་ཅན་གསུམ་མཉམ་འགུལ་གྱི་ཡུལ་དངོས་ཚོགས་འདུ་འཚོགས་པ་ནས་བཟུང་རང་ཁུལ་ཤར་རྒྱུད་རྫོང་ཁག་གི་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་བཏང་ཚུལ་སྙན་སེང་ཞུས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་འདུའི་ནང་ཞུགས་པའི་རྫོང་ཁག་དང་དམིགས་འབེན་འགན་འཁྲི་ཡི་གེ་བཞག་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།