ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ12པའི་ཚེས8ཉིན། རང་ཁུལ་གྱི་དངུལ་རྩའི་མ་ལག་གི་ན་གཞོན་ལས་ཀའི་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་བྱེད་སྒོ་དེ་དར་མདོ་གྲོང་ཁྱེར་ལ་སྤེལ་ཞིང་། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ་དབུ་བརྙེས་མཛད་སྒོ་ནང་ཞུགས་ཤིང་འགེལ་བྱང་གི་ཡོལ་ཁ་ཕྱེ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱི་དངུལ་རྩའི་མ་ལག་གི་ལས་བྱེད་པ2000ལྷག་ཙམ་ནང་བརྒྱ་ཆ43ནི་ན་གཞོན་ལས་བཟོ་པ་ཡིན་པ་དང་། དངུལ་རྩའི་མ་ལག་གི་ན་གཞོན་ལས་ཀའི་ཨུ་ཡོན་ལྷན་ཁང་ནི་མི་དམངས་དངུལ་ཁང་དཀར་མཛེས་ཁུལ་ལྟེ་གནས་ཡན་ལག་དངུལ་ཁང་གིས་སྣེ་ཁྲིད་བྱས་འོག ཁུལ་དངུལ་རྩ་གཞུང་ལས་ཁང་དང་གུང་གཞོན་པ་ཚོགས་དཀར་མཛེས་ཁུལ་ཨུ། ཁུལ་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས། ཁུལ་ཡོངས་ཀྱི་དངུལ་ཁང་། ཉེན་འགོག་འགན་ལེན་སྤྱི་གཉེར་ཁང་བཅས་དངུལ་རྩ་ཚན་པའི་འབྲེལ་ཡོད་ལས་ཁུངས13གྱིས་རམ་འདེགས་བྱས་འོག་བཙུགས་པ་ཡིན་ཞིང་། དེ་བཙུགས་པ་བརྒྱུད་རང་ཁུལ་དངུལ་རྩའི་ན་གཞོན་ལ་ཕན་ཚུན་མཉམ་ལས་དང་སློབ་སྦྱོང་བྱེད་ཡས་ཀྱི་སྟེགས་བུ་ཞིག་བསྐྲུན་པ་དང་ན་གཞོན་རྣམས་ཀྱི་ལས་ཀའི་ཧུར་བརྩོན་རང་བཞིན་ཇེ་ཆེར་གཏོང་བར་ཕན་པ་རེད།

དབུ་བརྙེས་མཛད་སྒོའི་མཇུག་བསྒྲིལ་རྗེས། ན་གཞོན་འཐུས་ཚབ་རུ་ཁག་གིས་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་རྟེན་འབྲེལ་ཞུས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།