ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《(1950ལོ་ནས2015ལོའི)》བར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་གནས་ཚུལ་ངོ་མའི་སྒྲ་འབེབས་ནི་ཁྱོན་ཡོངས་སུ་ཁུལ་མི་དམངས་སྲིད་གཞུང་གི་ལོ་རེ་བཞིན་གྱི་དོན་ཆེན་དང་སྲིད་སྐྱོང་གི་གྲུབ་འབྲས་བཀོད་ཡོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་རེད། དཔེ་དེབ་དེ་གྲུབ་རྗེས་རིམ་ཁག་སྲིད་གཞུང་གིས་སྲིད་སྐྱོང་གི་ཉམས་མྱོང་ཕྱོགས་བསྡོམས་དང་སྲིད་སྐྱོང་གི་ཆོས་ཉིད་ཉམས་ཞིབ་བྱེད་པ། སྲིད་སྐྱོང་གི་ནུས་པ་མཐོར་འདེགས་གཏོང་བར་བློ་བསྐྱེད་དང་གཞི་བྱེད་ས་བྱེད་པར་ཕན་འབྲས་བླ་ན་མེད་པ་ཐོན་ཐུབ།

ཟླ་བ11པའི་ཚེས19ཉིན་ཁུལ་ས་གནས་ལོ་རྒྱུས་ལས་སྒྲུབ་ཁང་གི་ཞིབ་བཤེར་ཚོ་ཆུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ལས་སྒྲུབ་ཁང་གི་རྩོམ་ཞུས་མི་སྣར་ཞིབ་བཤེར་བྱས་པའི་བསམ་འཆར་ཞུས་པ་རེད། ཞིབ་བཤེར་ཚོ་ཆུང་གིས་དེབ་འདིའི་ཆབ་སྲིད་ཀྱི་ལྟ་བ་ཡང་དག་ཡིན་པ་དང་། དཔྱད་གཞིའི་ཡིག་རིགས་ཁོངས་བཙུན་པ། ནང་དོན་ཕུན་སུམ་ཚོགས་ལ་ཚིག་སྦྱོར་དང་མིང་ཚིག་དག་གནད་ལ་ཁེལ་ཞིང་དག་ཆ་ལྡན་པ། དེབ་མིང་དང་ནང་དོན་གྱི་སྒྲིག་བཟོ། དཔེ་རིས་གསལ་བཤད། བརྗོད་བྱ་འཇོག་ལུགས་སོགས་ཁྲིད་སྟོན་གྱི་རང་བཞིན་དང་བཀོལ་སྤྱོད་ཀྱི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་གཞི་བརྒྱ་ལྷག་ཡོད་པའི་ངོས་འཛིན་བྱས། ཁུལ་སྲིད་གཞུང་ལས་སྒྲུབ་ཁང་གིས་ཞིབ་བཤེར་བསམ་འཆར་གཞིགས་ནས་མི་འདང་སར་ཁ་སྣོན་དང་བཟོ་བཅོས་བྱས་ནས་དེབ་འདི་མཇུག་མཐའི་ཞུ་དག་པར་སྐྲུན་བྱེད་པའི་རེ་བ་འགྲུབ་ཐུབ་པར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།