ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ12པའི་ཚེས11ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ལྕགས་ཟམ་རྫོང་གི་གདན་ཐོག་ཤང་དུ་ཕེབས་ནས་ཡུལ་དངོས་དཔྱད་ཞིབ་གནང་བར་མ་ཟད་མང་ཚོགས་དང་བཞུགས་མོལ་གནང་བ་རེད། སྙན་སེང་གསན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཤང་དེའི་དབུལ་སྐྱོར་གནད་སྨིན་ལས་ཀའི་ཐད་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།  ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དབུལ་སྐྱོར་གནད་སྨིན་ནི་ཕྱིན་ཆད་ཀྱི་ལོ་ལྔའི་ཁུལ་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྔ་ལས་ལྷག་པར་ལས་ཀའི་བྱེད་སྟངས་ཞིབ་ཕྲ་དང་དབུལ་སྐྱོར་གནད་སྨིན་ལས་ཀ་བརྟན་པོ་བཟོས་ནས་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཁག་ཐེག་བྱ་དགོས།  ལིའུ་ཁྲེང་མིང་གིས་གདན་ཐོག་ཤང་གི་སྲིད་གཞུང་དུ་དབུལ་སྐྱོར་གནད་སྨིན་ཡིག་ཚགས་དང་བྱང་བུ་བཟོས་པའི་དཔྱད་ཡིག་ལ་ཞིབ་བཤེར་བྱས་པ་དང་ཅའོ་ཙི་ཕིང་གྲོང་སྡེར་དབུལ་ཕོངས་དུད་ཚང་ཚང་མ་ཐོ་འགོད་ཡོད་མེད་དང་ཡིག་དེབ་བཟོ་ཡོད་མེད། བྱང་བུ་བཟོས་ཡོད་མེད་བཅས་ལ་ཞིབ་བཤེར་བྱས་རྗེས་དབུལ་ཕོངས་དུད་ཚང་ལུའི་ཏེ་ཅུན་གྱི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་གནས་ཚུལ་དང་དབུལ་ཕོངས་གྱུར་པའི་རྒྱུ་མཚན་སོགས་ཞིབ་ཚགས་དྲིས་ནས་ལྕགས་ཟམ་རྫོང་གི་གདན་ཐོག་ཤང་གི་དབུལ་སྐྱོར་འགག་སྒྲོལ་ལས་ཀར་ཁས་ལེན་གང་ལེགས་གནང་བར་མ་ཟད། ད་དུང་རྫོང་དང་ཤང་། གྲོང་སྡེ་བཅས་ཀྱི་རིམ་པ་ཁག་གི་ལས་བྱེད་པར་སྔར་ལྷག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཇུས་གཞི་ཞིབ་ཚགས་བཟོས་ནས་དབུལ་སྐྱོར་འགག་སྒྲོལ་ལས་ཀ་སྔར་ལས་དངོས་འབྲེལ་ལྡན་པ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།  རྟིང་མར་ཁོང་གིས་རྫོང་དེར་རང་ཉིད་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་གནད་སྨིན་འགག་སྒྲོལ་ལས་ཀའི་སྐོར་གྱི་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཅིང་། རིམ་པ་བགོས་ནས་གསོ་སྦྱོང་བྱས་ནས་དོ་དོ་དན་དན་གྱིས་ཤང་དང་གྲོང་སྡེའི་ལས་བྱེད་པའི་དབུལ་སྐྱོར་གནད་སྨིན་གྱི་ལས་སྒྲུབ་ནུས་པ་ཇེ་དྲག་ཏུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།