ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་ཏང་ཙུའི་ཁོངས་མི།ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཧོ་ལིན་གྱིས་རུ་སྣེ་ཁྲིད་དེ་ཆེད་དམིགས་ནས་རང་ཁུལ་གྱི་རྒྱལ་ཡོངས་དང་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་འགལ་དང་བཞུགས་མོལ་བྱས་ནས།འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན་བ་རེད། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་དབྱི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཞུའེ་ཁང་སོགས་རྒྱལ་ཡོངས་དང་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན9བཞུགས་མོལ་གྲོས་ཚོགས་སུ་ཞུགས་ཡོད།  ཞུགས་མོལ་གྲོས་ཚོགས་ཐོག་ཧོ་ལིན་གྱིས2015ལོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་ལྟར་གྱོད་དོན་ཞིབ་གཅོད་བྱེད་པ་དང་ཁྲིམས་འཛིན་ལ་སྒྱུར་བཅོས་བྱེད་པ། ཁྲིམས་འཛིན་སྟངས་ཡོངས་ལ་བསྒྲགས་པ།ཁྲིམས་འཛིན་པ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཀུན་སྤྱོད་ལེགས་འགྱུར་བཅས་ལ་སྐུལ་སྤེལ་ཟབ་མོ་བཏང་བའི་ལས་དོན་གལ་ཆེན་གྱི་གནས་ཚུལ་འཐུས་མི་དང་ཨུ་ཡོན་ཚོ་ལ་ཁྱབ་བརྡ་བཏང་བ་རེད། ཚོགས་འདུར་ཞུགས་པའི་འཐུས་མི་དང་ཨུ་ཡོན་ཚོས་ཁས་བླངས་ཤིང་ཚད་མཐོན་པའི་སྒོ་ནས་ཞིང་ཆེན་དང་ཁུལ་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ད་ལོའི་ལས་དོན་ལ་གདེང་འཇོག་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།