ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ12པའི་ཚེས14ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཏེ། ཀྲུང་དབྱང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། 2015ལོའི་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྲིད་གཞུང་ལས་དོན་གྱི་འཆར་འགོད་བཞག་པ་རེད།

དཀར་མཛེས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཁྲེན་ཀྲུང་དབྱི་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།

ཡེ་ཤེས་ཟླ་བས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏན་ཏིག་གིས་བསམ་བློ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བླང་བྱ་ཐོག་གཅིག་གྱུར་བྱས་ནས། འདུ་ཤེས་གསར་པས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏང་དགོས། གཅིག་ནི་གསར་གཏོད་འཕེལ་རྒྱས་ཀྱིས་འཕེལ་རྒྱས་སྒུལ་ཤུགས་ཀྱི་གནད་དོན་ཐག་གཅོད་བྱ་དགོས། གཉིས་ནི་མཐུན་སྦྱོར་འཕེལ་རྒྱས་ཀྱིས་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱ་དགོས། གསུམ་ནི་ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བའི་གནད་དོན་ཐག་གཅོད་བྱ་དགོས། བཞི་ནི་འཕེལ་རྒྱས་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་ཕྱི་ནང་མཉམ་འགུལ་གྱི་གནད་དོན་ཐག་གཅོད་བྱ་དགོས།

ཡེ་ཤེས་ཟླ་བས་བསྟན་དོན། གཅིག་ནི་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་ཀར་འཆར་འགོད་བྱ་དགོས་པ་དང་། གཉིས་ནི་གཅིག་གྱུར་འཆར་འགོད་བྱས་ནས་མིག་སྔའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་དགོས། ཚོགས་ཐོག་ད་དུང་ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《དབུལ་བྲལ་འགག་སྒྲོལ་གྱི་ཆེད་དོན་ལྟ་བཤེར་ཇུས་གཞི》དཔར་འགྲེམ་བྱས་པ་དང་། 《དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད》《སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ》ལ་གྲོས་བསྡུར་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།