ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ12པའི་ཚེས16ཉིན་དར་མདོ་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་འགྲིམ་འགྲུལ་རྩ་འཛུགས་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས་ནས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲོན་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་དར་མདོ་གྲོང་ཁུལ་དང་ས་མཚམས་ཀྱི་འགྲིམ་འགྲུལ་སྒྲིག་འཛུགས་གནད་དོན་ཐད་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ཤིང་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གྲོས་ཚོགས་ནང་ཞུགས་ཤིང་བསམ་འཆར་དང་གྲོས་གཞི་བཏོན་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཁྲེན་ཀྲུང་དབྱི་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ་སོགས་གྲོས་ཚོགས་ནང་ཞུགས་ཡོད།

ལིའུ་ཁྲེང་མིང་གིས་རང་ཁུལ་དེ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ས་ཁུལ་དང་སི་ཁྲོན་ནུབ་བྱང་གི་ས་ཁོངས་རང་བཞིན་གྱི་འགྲིམ་འགྲུལ་འདུ་འགག་ཏུ་བསྐྲུན་དགོས་ན་དར་མདོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཆར་འགོད་འཛུགས་སྐྲུན་དེ་གལ་ཧ་ཅང་ཆེན་པོ་ཡིན་པས། གྲོང་ཁྱེར་གྱི་གཞུང་ལམ་དྲ་བའི་འཛུགས་སྐྲུན་དེ་ཅི་འདྲ་བྱས་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དེ་བས་མཐུན་པ་བྱས་ཏེ་གཡག་རྔ་དང་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲོན་བོད་ལྕགས་ཟམ་ཤར་གཏོང་ཐུབ་པར་སྔོན་དུས་ཀྱི་གྲ་གྲིག་ཡག་མོ་བྱེད་པ་དང་དར་མདོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཆར་འགོད་དང་མ་དངུལ་འཇོག་པ་དང་ལས་གཞི་སོགས་ཀྱི་ཐད་ལ་སྔ་ཙམ་ཇུས་འགོད་བྱ་དགོས་ཞེས་གསུངས། ཁོང་གིས་དར་མདོ་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཁག་ལ་ལས་འགོ་འཛུགས་ས་མཐོ་ཤིང་། ཕུགས་རིང་རང་བཞིན་གྱི་ཇུས་འགོད་བྱས་ནས་སྐོར་ལམ་དང་རླངས་འཁོར་བབས་ཚུགས། སྤྱི་པའི་སྒྲིག་ཆས་སོགས་སྔ་ཙམ་ཇུས་འགོད་བྱ་དགོས་པའི་ཐུགས་རེ་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།