ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན་གྱི་སྔ་དྲོར་དཀར་མཛས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན་ཡེ་ཤེས་ཟླ་བས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འགོ་འཛིན་འཛིན་གྲྭའི་སློབ་མ་ཡོངས་ལ་དབུལ་སྐྱོར་འགག་སྒྲོལ་སྐོར་གྱི་གསོན་ཉམས་ལྡན་པའི་ཆེད་དོན་སློབ་ཁྲིད་གནང་བ་རེད།

ཆེད་དོན་སློབ་ཁྲིད་ཐོག་ཡེ་ཤེས་ཟླ་བས་གོ་བདེ་ལ་ཤེས་སླ་བའི་སྐད་ཆ་དང་གཞན་དང་མི་འདྲ་བའི་ལྟ་བ། རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་གཞི་རིམ་ལ་བརྟག་དཔྱད་བྱེད་སྐབས་འཕྲད་པའི་གནད་དོན་དང་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་བྱ་ཡུལ་དེར་དབྱེ་འབྱེད་གནད་དུ་སྨིན་བ་དང་དབུལ་ཕོངས་གྱུར་བའི་རྒྱུ་རྐྱེན་དེར་དབྱེ་ཞིབ་གནད་དུ་སྨིན་བ་བྱེད་པ། དབུལ་ཕོངས་ལས་ཐར་བའི་ཐབས་ཤེས་དེ་དོན་འཁྱོལ་གནད་དུ་སྨིན་བ་བཅས་གནད་འགག་གལ་ཆེན་གསུམ་ལ་དམིགས་ནས་དོན་དང་མཐུན་ཞིང་གསོན་ཉམས་ལྡན་པའི་སྒོ་ནས་དབུལ་སྐྱོར་གནད་སྨིན་གྱི་ལས་ཀའི་ཐོག་ལ་ཡིད་གཟབ་དོ་སྣང་བྱ་དགོས་པའི་དོན་དག་གལ་ཆེན་ལ་དབྱེ་ཞིབ་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།