ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དར༌མདོ༌གྲོང་རྡལ་སྔོ་ཚལ་ལྡུམ་ར་གྲོང་སྡེའི་སྤྱི་སྤྱོད་རླངས་འཁོར་ས་ཚུགས་སུ་གསར༌འགོད༌པ༌གྲོང༌ཁུལ་དུ་དོན་དག་བསྒྲུབ་སར་འགྲོ་གྲབས་ཡོད་པའི་གྲོང་མི་ཐང༌ལགས་དང་འཕྲད། མོས་གསར༌འགོད༌པ༌ལ༌དགའ་སྤྲོའི་ངང་ངས་ང༌ཚོའི༌གྲོང་སྡེ༌ནས༌གྲོང༌ནང༌དུ༌སྤྱོད༌པའི༌སྤྱི༌སྤྱོད༌རླངས༌འཁོར༌ཡོད་པ་ད༌གཟོད༌གོ༌བྱུང༌།གནས་ཚུལ་འདི་ང༌ཚོ༌ལ༌མཚོན༌ན༌དངོས༌གནས༌སྤྲོ༌སྣང༌སྐྱེ་འོས་པའི་བྱ༌བ༌ཞིག༌རེད། སྔོན་མ་གྲོང༌ནང༌དུ༌ལས༌དོན་བསྒྲུབ་སར་འགྲོ༌དགོས་དུས༌གླ༌འཁོཪ་ནང་དུ་བསྡད་དགོས་ཤིང་མ་མཐའ་ཡང་སྒོར5སྤྲད་དགོས། ད༌ལྟ་སྒོར༌གཅིག༌ལས་མི་དགོས་པ་གྲོང་ཁུལ་དུ་སླེབས་ཐུབ་ཅེས་བཤད་པ་རེད།  

དར༌མདོའི༌སྤྱི་སྤྱོད་འགྲིམ་འགྲུལ་སྤྱི་གཉེར་ཁང་གི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྔོ་ཚལ༌ལྡུམ༌རའི༌སྤྱི་སྤྱོད་འགྲིམ་འགྲུལ་ས་ཚུགས་ནི་དར་མདོའི༌སྤྱི༌སྤྱོད༌འགྲིམ་འགྲུལ་སྤྱི་གཉེར་ཁང་གིས་དར༌མདོ༌གྲོང༌ཁྱེར༌གྱི༌མཐའ༌འཁོར༌གྲོང༌སྡེའི༌མང༌ཚོགས༌ཀྱི་འགྲོ་འོང་ལ༌སྟབས༌བདེ་ཡོང་བའི་ཆེད་དུ༌གསར༌དུ༌བསྣན༌པའི༌ས༌ཚུགས༌ཤིག༌ཪེད། རླངས་འཁོར་གཏོང་འགོ་འཛུགས་ས་ནི་སྔོ་ཚལ༌ལྡུམ༌རའི་གྲོང་སྡེ་དང་མཐར༌ཐུག༌གི༌འབབ༌ཚུགས༌ནི༌རྒྱ་ཡུལ་ལྟག་སྒོ་རེད། ཉིན༌རེར༌རླངས་འཁོར་གཏོང་ཐེངས༌ལྔ༌ཡོད་པ་དང་། རླངས་འཁོར་གཏོང་འགོ་འཛུགས་པའི་དུས༌ཚོད༌ཁག་བགོས་ནས་སྔ༌དྲོའི་ཆུ་ཚོད7དང་སྐར་མ30དང་། ཆུ་ཚོད9དང་སྐར་མ20 ཆུ་ཚོད11དང་སྐར་མ20དང་། ཕྱི༌དྲོའི་ཆུ་ཚོད2པ་དང4པར་རེད། འཁོར༌སྐྱོད༌ཚོད་ལྟ་བྱེད་རིང་རླངས་འཁོར་སྡོད་གླ་སྒོར1ཡིན་པ་རེད།  

གཞན་གསར་འགོད་པས༌ཤེས་རྟོགས་བྱས་པར་གཞིགས༌ན། སྤྱི༌སྤྱོད༌རླངས༌འཁོར༌དགུན༌དུས༌འཁོར་སྐྱོད་ཉེན༌མེད༌ཡོང་བར་ཁག་ཐེག་བྱེད་ཆེད། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དར་མདོའི་འགྲིམ་འགྲུལ་སྤྱི་གཉེར་ཁང་གིས་ཆུས་དང་ཤང་གི་སྤྱི་སྤྱོད་རླངས་འཁོར་འཁོར་སྐྱོད་བྱེད་འགོ་འཛུགས་དུས་ལེགས་སྒྲིག་བྱེད་པ་དང་ཆབས་ཅིག ལམ༌ཕྱོགས༌གསུམ༌པའི༌སྤྱི་སྤྱོད་རླངས་འཁོར་ལམུ་ཐག་ཇེ་རིང་དུ་བྱས་ནས༌གྲོང༌མི་འགྲོ་འོང་ཉེན་མེད་དང་སྟབས་བདེར་ཡོང་བར་ཁག་ཐེག་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།