ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། རྔ་བ་ཁུལ་གྱིས་མུ་མཐུད་དུ་གོམ་སྟབས་བརྟན་པོའི་ངང་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བའི་བྱ་བར་སྐུལ་འདེད་བཏང་སྟེ། 2015ལོའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བའི་བྱ་བ་ལེགས་འགྲུབ་བྱུང་ནས་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁྲོད་ཞུགས་ཚད99.4%ལ་བསླེབས་ཡོད།

ད་ལོར་རྔ་བ་ཁུལ་གྱི་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བའི་མ་དངུལ་གྲབས་གསོག་བྱེད་ཚད་ལོ་རེར་མི་རེར་སྒོར470བར་ཇེ་མཐོར་བཏང་བ་དང་། དེའི་ཁྲོད་ནོར་སྲིད་ཀྱིས་ཁ་གསབ་ཚད་གཞི་ལོ་རེར་མི་རེར་སྒོར380ལ་ཇེ་མཐོར་བཏང་། དེ་མིན་མུ་མཐུད་དུ་གྲྭ་བཙུན་རྣམས་ཞིང་སྡེའི་མཉམ་ལས་སྨན་བཅོས་ལ་ཞུགས་པའི་བྱ་བ་ལེགས་པོར་སྒྲུབ་ནས་ཞིང་སྡེ་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་གྲབས་གསོག་གི་སྲིད་ཇུས་དང་མཐུན་པའི་གྲྭ་བཙུན་རྣམས་ཞིང་སྡེའི་མཉམ་ལས་སྨན་བཅོས་ལ་ཞུགས་ཆོག  ཟླ10པའི་ཚེས31ཉིན་བར་དུ། ཁུལ་ཡོངས་སུ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བའི་ཁྲོད་ཞུགས་པའི་མི་ཁྲི67.86ལ་ཁ་གསབ་མ་དངུལ་སྒོར་ཁྲི22038.29རྩི་སྤྲོད་བྱས་པས། སྲིད་ཇུས་ཀྱི་ཁྱབ་ཁོངས་ཁྲོད་མ་དངུལ་ཁ་གསབ་བྱེད་ཚད75.03%ཟིན་ཡོད་པ་དང་དོན་དངོས་སུ་མ་དངུལ་ཁ་གསབ་བྱེད་ཚད64.54%ཟིན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།