དཀར་མཛེས་ཁུལ་གྱིས་ཤུགས་ཆེན་པོས་སློབ་གསོའི་རོགས་སྐྱོར་ཐད་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་སྔར་ལས་དོན་འཁྱོལ་དང་། སློབ་མ་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་དོན་དང་སློབ་གསོའི་དབུལ་སྐྱོར་རོགས་སྐྱོབ་ལས་དོན་ནན་གྱིས་སྤེལ་ནས་ཤུགས་ཆེན་པོས་སློབ་གསོའི་རོགས་སྐྱོར་ལ་སྐུལ་འདེད་བཏང་བ་རེད།

 དཀར་མཛེས་ཁུལ་གྱིས་སློབ་ལོ་མ་རན་གོང་གི་བྱིས་གཉོར་ཁང་དུ་ཡོད་པའི་བྱིས་པ་ཁྲི3.13ལྷག་གི་ལོ3གྱི་འགན་ལེན་སློབ་གསོའི་གྲོན་དངུལ་རྩ་ཡང་དུ་བཏང་པ་མ་ཟད་སྒོར་ཁྲི2706.56གི་ཁ་གསབ་བྱས་ལ། འོས་འགན་སློབ་གསོའི་སློབ་མ་ཁྲི13.74ལྷག་གི་སློབ་རིན་སྒོར་ཁྲི13198.78རྩ་ཡང་དུ་བཏང་བ་མ་ཟད་བཅའ་སྡོད་སློབ་མ་ཁྲི10.44ལྷག་ལ་སྒོར་ཁྲི17746གི་འཚོ་བའི་ཁ་གསབ་བྱས། སློབ་གྲྭ་ནང་དུ་ཡོད་པའི་སྤྱིར་བཏང་གི་མཐོ་འབྲིང་སློབ་མ་ཁྲི1.47གྱི་སློབ་རིན་དང་སློབ་དེབ་ཀྱི་གྲོན་དངུལ་སྒོར་ཁྲི3058.04དང་། ཁུལ་ནང་གི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ4412ཀྱི་སློབ་ཡོན་སྒོར་ཁྲི81.56བཅས་རྩ་ཡང་དུ་བཏང་བ་རེད།

དཀར་མཛེས་ཁུལ་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་ཞན་པའི་སློབ་མ་ཁྲི0.73ལ་སློབ་སྐྱོར་རོགས་དངུལ་སྒོར་ཁྲི1276.22དང་། ཁྱིམ་ཚང་གི་དཔལ་འབྱོར་ཞན་པའི་སློབ་ཆེན་གྱི་སློབ་མ་གསར་བ634ལ་སློབ་ཞུགས་ལམ་རིན་སྒོར་ཁྲི34.5། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་མི་ཐེངས་ཁྲི0.49ལ་ཁ་གསབ་རོགས་དངུལ་སྒོར་ཁྲི245.3དང་། སློབ་གྲྭར་གསར་དུ་ཞུགས་པའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་ཁྲི0.25ལ་རོགས་དངུལ་སྒོར་ཁྲི་1005.6བཅས་བཏང་བ་རེད། 

དཀར་མཛེས་ཁུལ་གྱི་རྫོང་18(གྲོང་ཁྱེར)ཀྱི་སློབ་གསོའི་དབུལ་སྐྱོར་རོགས་སྐྱོབ་ཐེབས་རྩ་རིམ་རྩིས་བྱས་ན་སྒོར་ཁྲི9717.90ལ་སླེབས་པ་དང་། དེས་ཁྱིམ་ཚང་དབུལ་པོའི་སློབ་མ་ཁྲི4.54ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་དངུལ་སྒོར་ཁྲི4605.38ཙམ་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།