མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི“ཇོ་མོ་གླང་མ་རྟགས་ཅན”གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཟླ་བ་དྲུག་པར་ཤར་གཏོང་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-01-30 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་དུས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། དེ་བས་མང་བའི་ཡུལ་སྐོར་བ་བོད་ལྗོངས་སུ་ཡུལ་སྐོར་བྱ་རྒྱུར་ཡིད་འགུགས་དང་སྟབས་བདེ་བསྐྲུན་ཆེད། བོད་ལྗོངས་ཀྱིས་འདི་ལོའི་ཟླ་བ་དྲུག་པར“ཇོ་མོ་གླང་མ་རྟགས་ཅན”གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།“ཇོ་མོ་གླང་མ་རྟགས་ཅན”གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་མཚོ་བོད་ལྕགས་ལམ་ཀུང་སིའི་ས་མཐོའི་དབྱང་རླུང་ཡོད་པའི་མེ་འཁོར་གྱི་ཁོངས་སུ་གཏོགས་པ་དང་འཁོར་སྒྲོམ་ནང་གི་བར་སྟོང་རྒྱ་ཆེ་ལ་བདེ་ལྷོད་དང་། མི་གྲངས600ཙམ་སྡོད་ཐུབ། རྐུབ་སྟེགས་དང་འབོལ་འཁྲི་ཡོད་པ་དང་མེ་འཁོར་ཐོག་ཆེད་ལས་ཀྱི་སྣེ་ཤན་པ་ཡོད་ལ་སྨན་པ་ཡང་ཆེད་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་པས་རིན་མེད་ཐོག་ཡུལ་སྐོར་བའི་གཟུགས་གཞིར་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད། ཅུང་ལེགས་པའི་ཞབས་ཞུ་དེ་རིགས་ཀྱིས་བོད་དུ་ཡོང་མཁན་ཡུལ་སྐོར་བ་བར་དེ་བས་མང་བའི་སྟབས་བདེ་དང་ཕན་པ་བསྐྲུན་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཡུའི་ཡུན་ཀུའེ་གྱིས། ཆེད་སྤྱོད་མེ་འཁོར་འདི་འདི་ལོའི་ཟླ་བ་དྲུག་པར་ཤར་གཏོང་བྱས་ནས་ཟླ་བ་བཅུ་པའི་ཟླ་དཀྱིལ་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད། ཆེད་སྤྱོད་མེ་འཁོར་འདི་མཚོ་སྔོན་ཟི་ལིང་ནས་ཐོན་ཏེ་ལྷ་སར་འབྱོར་བ་དང་དེ་ནས་ཟླར་ཡང་ཟི་ལིང་དུ་ཕྱིར་ལོག་བྱ་རྒྱུ་དང་ཉིན་བཞི་རེར་ཐེངས་རེ་བཀོད་སྒྲིག་བྱ་རྒྱུ་ཡིན་པས་དུས་མཚུངས་ཀྱི་ཡུལ་སྐོར་ཚོགས་པས་ཆེད་སྤྱོད་མེ་འཁོར་འདི་བསྡད་ནས་བོད་དུ་ཡུལ་སྐོར་བྱས་ཆོག་ཅེས་བཤད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག