མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལྷོ་པ་རིགས་ཀྱི་མི་དམངས་འཐུས་མིས་ནན་དབྱི་མང་ཚོགས་ཀྱིས་དག་གཙང་ཟ་མ་ཟ་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-01-30 10:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་ནན་དབྱི་ལུང་པའི་ཡུལ་ལྗོངས་ནི་རི་མོ་བཀོད་པ་དང་འདྲ། ཚང་ཚང་སྟུག་པོའི་གདོད་མའི་ནགས་ཚལ་དང་། མུ་མེད་མཁའ་དང་ཉམས་པའི་འབྲོག་ར་ཆེན་པོ། ཁྱད་ཆོས་མངོན་གསལ་ལྡན་པའི་ལྷོ་པ་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ལུང་ཁུག་དེ་རུ་སྐྱེ་དངོས་ཕུན་སུམ་ཚོགས་ལ་རྩྭ་ཆུ་མོད་ཀྱང་མཛེས་ཞེས། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་བའི་མི་དམངས་ཚོགས་ཆེན་གྱི་འཐུས་མི་ཟླ་བས་གསར་འགོད་པར་མཛེས་སྡུག་ཡིད་དུ་འོང་བའི་རི་མོའི་རྣམ་པ་ཞིག་ཞིབ་བརྗོད་གནང་།

    སྤྱི་ལོ1985ལོར་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་ནན་དབྱི་ལྷོ་པ་རིགས་ཡུལ་ཚོ་རུ་སྐྱེས་པའི་ཟླ་བ་ཡིས་ཡུལ་ཚོ་དེའི་ཆུང་ཉིན་སྡེ་བ་ནས་ལོ8ཀྱི་རིང་དུ་དབུ་ཁྲིད་ཀྱི་ལས་འགན་བཞེས། ཟླ་བས་བཤད་རྒྱུར་ཁོང་གིས་ཨ་མྱེས་བཤད་པ་ལྟར་ན་བོད་ལྗོངས་ཞི་བས་བཅིངས་གྲོལ་མ་བྱས་པའི་གོང་དུ་ལྷོ་པ་རིགས་ཀྱིས་དཀའ་སྡུག་གི་གདོད་མའི་འཚོ་བ་རོལ་བཞིན་ཡོད། དུས་སྐབས་དེར་འཚོ་བའི་ཆེད་དུ་རི་མགོ་ནས་ནགས་ཚལ་མང་པོ་འབྲེག་བཞིན་ཡོད། སྤྱི་ལོ1988ལོར་ནན་དབྱི་ལྷོ་པ་རིགས་ཀྱི་ཡུལ་ཚོ་བཙུགས་པའི་རྗེས་སུ། རྒྱལ་ཁབ་ཀྱིས་ས་ཁུལ་དེ་རུ་ཞིང་སྐྱུར་ནགས་འཛུགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་དཔལ་འབྱོར་གྱི་རོགས་སྐྱོར་མང་པོ་མཁོ་འདོན་བྱས་པས། དུས་དེ་ནས་བཟུང་མང་ཚོགས་ཀྱིས་ནགས་ཚལ་གཅོད་མི་དགོས་པར། ནགས་ཚལ་ཁྲོད་ཀྱི་མངའ་ཁོངས་གཞན་པ་ལོངས་སུ་སྤྱོད་འགོ་བརྩམས། དཔེར་ན་སྨན་རྫས་དང་དབྱར་རྩྭ་དགུན་འབུ་སོགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་ལ་སྐྱོད་འགོ་བརྩམས།

    ཉེ་བའི་ལོ་འགའི་རིང་དུ་ནན་དབྱིའི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དང་། ས་དེ་གའི་བོད་རིགས་དང་ལྷོ་པ་རིགས། མུན་པ་རིགས་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཀྱིས། ཕྱི་ཕྱོགས་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་མང་པོ་གནས་དེར་ལྟ་སྐོར་ལྗོངས་རྒྱུ་བྱེད་པར་ཡིད་འགུག་ཐེབས། དེའི་རྐྱེན་གྱིས་ཆུང་ཉིན་སྡེ་བའི་ཡུལ་མི་ཚོ་ཕྱུགས་འགྱུར་གྱི་ལམ་དུ་སྐྱོད་པའི་བློ་སྒོ་འབྱེད་དེ། ཁོ་ཚོས་ཞིང་ཁྱིམ་སྤྲོད་རྩེད་ཁང་བཙུགས་པ་མ་ཟད། ས་དེ་གའི་ཟས་རིགས་མཆོག་གྱུར་ཉ་སྲག་དང་ཞོག་ཁོག བྱ་ཤ བྱ་སྒོང་སོགས་སྐྱེ་ལྡན་ཚོད་མའི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱི་རུ་བཏོན། སྡེ་བའི་ནང་དུ་ད་དུང་དམངས་སྲོལ་ལུས་རྩལ་ཐང་སོགས་བཙུགས་པས། ལྷོ་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཕྱིར་མངོན་བྱེད་ཐུབ་པ་བྱུང་། གཞན་ཡང་ལྷོ་པ་རིགས་ཀྱི་གྱོན་ཆས་དང་བྲོ་གཞས། ལྷོ་པའི་སྐད་ཀྱི་གཏམ་བརྗོད་གླུ་དབྱངས་སྒྱུ་རྩལ། ཁྱད་ཆོས་ལྡན་པའི་ཟས་རིགས་སོགས་ཚང་མ་ཕྱིར་མངོན་བྱེད་ཐུབ་པ་བྱུང་ཡོད་པས། ཡུལ་ལྗོངས་མཛེས་སྡུག་ལྡན་པའི་ཆུང་ཉིན་སྡེ་བས་དོན་དངོས་སུ་སྐྱེ་ཁམས་ཡུལ་སྐོར་ཟ་མ་ཟ་ཐུབ་པ་བྱུང་ཡོད།

    ཆུང་ཉིན་སྡེ་བ་ནི་ཁྱིམ་གཞིས40ཁོ་ན་ཡོད་པའི་སྡེ་གྲོང་ཆུང་ཆུང་ཞིག་ཡིན་ཡང་། སྡེ་བ་དེ་རུ་ལྷོ་པ་རིགས་དང་མུན་པ་རིགས། བོད་རིགས། རྒྱ་རིགས་བཅས་མི་རིགས་མི་འདྲ་བ་བཞི་འདུས་སྡོད་བྱས་ཡོད། དེ་དག་ལས་ལྷོ་པ་རིགས་ཀྱི་སྡེ་མིའི་མི་གྲངས་ཆེས་མང་། ཟླ་བས་བཤད་རྒྱུར། ངོ་ཚོ་མི་རིགས་གཅིག་མིན་ཡང་ཕན་ཚུན་ཧ་ཅང་འཆམ་མཐུན་དང་འགྲོག་བདེ་མོ་ཡོད་ཅེས་བཤད།

    རྒྱལ་ཁབ་དང་སྲིད་གཞུང་རིམ་པ་སོ་སོས་རོགས་སྐྱོར་ཆེན་པོའི་འོག་ཏུ། ནན་དབྱི་ལུང་པའི་མཐའ་མཚམས་ས་ཁུལ་གྱི་སྡེ་བ་དེ་རུ། མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བའི་འགྱུར་ལྡོག་བྱུང་ཡོད། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་ནགས་ཚལ་ཁྲོད་ཀྱི་ཐོ ན་ཁུངས། ཡུལ་སྐོར་ཡོང་འབབ་སོགས་ལ་བརྟེན་ནས་མང་ཚོགས་སྔར་ལས་ཕྱུག་པོར་གྱུར་ཡོད། མིག་སྔར་མི་རེའི་ལོ་གཅིག་གི་ཡོངས་འབབ་སྒོར8145ཟིན་ཡོད། ཟླ་བས་ཞིབ་ཚགས་ངང་ཕ་ཡུལ་གྱི་འགྱུར་ལྡོག་གནས་ཚུལ་རེ་རེ་བཞིན་བརྗོད་པ་དང་གདོང་ལ་འཛུམ་ཀྱིས་ཁེངས་ནས། “སྔོན་ཆད་སྡོད་ཁང་ཤིང་ཁང་ཡིན་པ་ལས་ད་ལྟ་སྲ་ཞིང་བརྟན་པའི་འཇགས་སྡོད་གཞིས་ཁང་དུ་གྱུར་ཡོད། སྔོན་མར་བརྙན་འཕྲིན་ལ་གཟིགས་པར་སྤྱི་ལེ6གི་ཕ་རོལ་གྱི་ས་གནས་སུ་བགྲོད་དགོས་ལ། ད་ལྟ་སྡེ་མི་ཁྱིམ་ཚང་རེ་རེས་རྒྱུ་སྐར་བརྒྱུད་ནས་བརྙན་འཕྲིན་ལེ་ཚན་སྣ་ཚོགས་ལ་གཟིགས་ཐུབ”ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག